ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔
མཁའ་འགྲོ་ཁྲོས་མ་ནག་མོ་ལ་བརྟེན་ནས་བླ་ཚེ་འགུགས་པ་ཐུགས་རྗེའི་ལྕགས་ཀྱུ་བཞུགས་སོ༔
ན་མོ་གུ་རུ་ཝེ༔
(手写脚本)
ལྔ་བརྒྱ་དུས་ཀྱི་ཐ་མ་ལ༔
སྐྱེ་འགྲོའི་བླ་ཚེ་བགེགས་ཀྱིས་འཕྲོག༔
ཚེ་ཐུང་ནད་མང་ལོངས་སྤྱོད་དབུལ༔
དེ་ཚེ་མ་མོ་མཁའ་འགྲོ་ཡི༔
སྒྲུབ་པ་ལ་བརྟེན་བླ་ཚེ་འགུགས༔
ལྟ་བའི་གདོན་ལྡན་རྣལ་འབྱོར་པས༔
བསྐྱེད་རྫོགས་གདིང་བསྐྱེད་གནོད་ཀྱིས་འདི༔
ཧཱུྃ༔
ཆོས་སྐུ་ཡུམ་ཆེན་ཀུན་བཟང་མོ༔་
ལོངས་སྐུ་རྡོ་རྗེ་རྣལ་འབྱོར་མ༔
སྤྲུལ་སྐུ་ཁྲོས་མ་ནག་མོ་སོགས༔
སྐུ་གསུམ་ཡེ་ཤེས་མཁའ་འགྲོའི་ཚོགས༔
གསོལ་བ་འདེབས་སོ་ཐུགས་རྒྱུད་བསྐུལ༔
ཐུགས་རྗེས་དགོངས་ཤིག་དབྱིངས་ནས་བཞེངས༔
ཚེ་བསོད་ཡེ་ཤེས་དངོས་གྲུབ་སྩོལ༔
བླ་ཚེ་ཉམས་པ་བླ་ཚེ་ཁུག༔
སྲོག་ཚེ་ཉམས་པ་སྲོག་ཚེ་ཁུག༔
དབུགས་ཚེ་ཉམས་པ་དབུགས་ཚེ་ཁུག༔
བཾ༔
བདུགས་ཕྱོགས་སངས་རྒྱས་མཁའ་འགྲོ་མ༔
འབུམ་ཕྲག་མཁའ་འགྲོའི་ཚོགས་བཅས་ལ༔
གསོལ་བ་འདེབས་སོ་ཐུགས་རྒྱུད་བསྐོལ༔
ཐུགས་རྗེས་དགོངས་ཤིག་དབྱིངས་ནས་བཞུངས༔
ཚེ་བསོད་ཡེ་ཤེས་དངོས་གྲུབ་སྩོལ༔
བླ་ཚེ་ཉམས་པ་བླ་ཚེ་ཁུག༔
སྲོག་ཚེ་ཉམས་པ་སྲོག་ཚེ་ཁུག༔
དབུགས་ཚེ་ཉམས་པ་དབུགས་ཚེ་ཁུག༔
ཧ༔
ཤར་ཕྱོགས་རྡོ་རྗེ་མཁའ་འགྲོ་མ༔
འབུམ་ཕྲག་མཁའ་འགྲོའི་ཚོགས་བཅས་ལ༔
གསོལ་བ་འདེབས་སོ་ཐུགས་རྒྱུད་བསྐུལ༔
ཐུགས་རྗེས་དགོངས་ཤིག་དབྱིངས་ནས་བཞེངས༔
ཚེ་བསོད་ཡེ་ཤེས་དངོས་གྲུབ་སྩོལ༔
བླ་ཚེ་ཉམས་པ་བླ་ཚེ་ཁུག༔
སྲོག་ཚེ་ཉམས་པ་སྲོག་ཚེ་ཁུག༔
དབུགས་ཚེ་ཉམས་པ་དབུགས་ཚེ་ཁུག༔
རི༔
ལྷོ་ཕྱོགས་རིན་ཆེན་མཁའ་འགྲོ་མ༔
འབུམ་ཕྲག་མཁའ་འགྲོའི་ཚོགས་བཅས་ལ༔
གསོལ་བ་འདེབས་སོ་ཐུགས་རྒྱུད་བསྐུལ༔
ཐུགས་རྗེས་དགོངས་ཤིག་དབྱིངས་ནས་བཞེངས༔
ཚེ་བསོད་ཡེ་ཤེས་དངོས་གྲུབ་སྩོལ༔
བླ་ཚེ་ཉམས་པ་བླ་ཚེ་ཁུག༔
སྲོག་ཚེ་ཉམས་པ་སྲོག་ཚེ་ཁུག༔
དབུགས་ཚེ་ཉམས་པ་དབུགས་ཚེ་ཁུག༔
ནི༔་
པདྨ་རིགས་ཀྱི་མཁའ་འགྲོ་མ༔
འབུམ་ཕྲག་མཁའ་འགྲོའི་ཚོགས་བཅས་ལ༔
གསོལ་བ་འདེབས་སོ་ཐུགས་རྒྱུད་བསྐུལ༔
ཐུགས་རྗེས་དགོངས་ཤིག་དབྱིངས་ནས་བཞེངས༔
ཚེ་བསོད་ཡེ་ཤེས་དངོས་གྲུབ་སྩོལ༔
བླ་ཚེ་ཉམས་པ་བླ་ཚེ་ཁུག༔
སྲོག་ཚེ་ཉམས་པ་སྲོག་ཚེ་ཁུག༔
དབུགས་ཚེ་ཉམས་པ་དབུགས་ཚེ་ཁུག༔
ས༔
ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ༔
འབུམ་ཕྲག་མཁའ་འགྲོའི་ཚོགས་བཅས་ལ༔
གསོལ་བ་འདེབས་སོ་ཐུགས་རྒྱུད་བསྐུལ༔
ཐུགས་རྗེས་དགོངས་ཤིག་དབྱིངས་ནས་བཞེངས༔
ཚེ་བསོད་ཡེ་ཤེས་དངོས་གྲུབ་སྩོལ༔
བླ་ཚེ་ཉམས་པ་བླ་ཚེ་ཁུག༔
སྲོག་ཚེ་ཉམས་པ་སྲོག་ཚེ་ཁུག༔
དབུགས་ཚེ་ཉམས་པ་དབུགས་ཚེ་ཁུག༔
མ༔་
ཡེ་ཤེས་མཁའ་འགྲོ་སྡེ་ལྔ་ཡི༔
སྐུ་ཡི་དབང་བྱིན་དངོས་གྲུག་དང༔
འབྱུང་བ་ནམ་མཁའི་དྭངས་བཅུད་བཅས༔
ཨོཾ་དཀར་འོད་ཀྱི་རྣམ་པར་བསྡུས༔
སྤྱི་བོ་བདེ་ཆེན་འཁོར་ལོར་ཐིམ༔
མི་ཐིགས་རྡོ་རྗེའི་རྒྱ་ཡིས་ཐོབ༔
གསུང་གི་དབང་བྱིན་དངོས་གྲུབ་དང༔
འབྱུང་བ་མེ་ཡི་དྭངས་བཅུད་བཅས༔
ཨཿ་དམར་འོད་ཀྱི་རྣམ་པར་བསྡུས༔
མགྲིན་པ་ལོངས་སྤྱོད་འཁོར་ལོར་ཐིམ༔
མི་ཤིགས་རྡོ་རྗེའི་རྒྱ་ཡིས་ཐོབ༔
ཐུག་ཀྱི་དབང་བྱིན་དངོས་གྲུབ་དང་༔
འབྱུང་བ་ཆུ་ཡི་དྭངས་བཅུད་བཅས༔
ཧཱུྃ་མཐིང་འོད་ཀྱི་རྣམ་པར་བསྡུས༔
སྙིང་ག་ཆོས་ཀྱི་འཁོར་ལོར་ཐིམ༔
མི་ཤིགས་རྡོ་རྗེའི་རྒྱ་ཡིས་ཐོབ༔
ཡོན་ཏན་དབང་བྱིན་དངོས་གྲུབ་དང་༔
འབྱུང་བ་ས་ཡི་དྭངས་བཅུད་བདས༔
སྭཱཿ༔་སེར་འོད་ཀྱི་རྣམ་པར་བསྡུས༔
ལྟེ་བ་སྤྲུལ་པའི་འཁོར་ལོར་ཐིམ༔
བླ་ཚེ་བསོད་དམས་ནུས་པ་བསྐྱེད༔
ཕྲིན་ལས་དབང་བྱིན་དངོས་གྲུབ་དང་༔
འབྱུང་བ་རླུང་གི་དྭངས་བཅུད་བཅས༔
ཧཱཿ་ལྗང་འོད་ཀྱི་རྣམ་པར་བསྡུས༔
གསང་གནས་བདེ་སྐྱོང་འཁོར་ལོར་ཐིམ༔
ཚེ་བསོད་དཔལ་ཡོན་དབང་དངོས་གྲུབ༔
ནམ་མཁའ་མཛོད་དུ་འཕེལ་རྒྱས་ཤོག༔
ཨོཾ་བཛྲ་ཁོ་དྷི་ཀ་ལི་བཾ་ཧ་རི་ནི་ས་ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ
བཛྲ་ཨ་ཡུཿ་ཛྙཱ་ན་མ་ཧ་པུཉེ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ
ཀཱ་ཡ་སིདྡྷི་ཨོཾ༔
ཝཱ་ཀ་སིདྡྷི་ཨཱཿ
ཙིཏྟ་སིདྡྷི་ཧཱུྃ༔
སརྦ་སིདྡྷི་ཧྲཱིཿ
དེ་ལྟར་དམིགས་པའི་གནད་ལྡན་པས༔
བླ་ཚེ་བསོད་ནམས་གོང་འཕེལ་བྱེད༔
ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔
ཞེས་རང་སློབ་དམ་པ་པདྨ་ནམས་ཀྱིས་ནན་དུ་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་བཀོད་པའོ།
།དགེའོ། །དགེའོ། །དགེའོ།། །།