ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔
ཡེ་ཤེས་མཁའ་འགྲོ་ཁྲོས་མ་ནག་མོ་ལ་བརྟེན་པའི་ལས་བཞིའི་སྲེག་བླུགས་ཕྲིན་ལས་ལྷུན་གྲུབ་བཞུགས་སོ༔
ན་མོ་གུ་རུ་ས་ར་ཧ་པ་ཡེ༔
(手写脚本)
ལྔ་བརྒྱ་དུས་ཀྱི་ཐ་མ་ལ༔
རྡོ་རྗེ་ཐེག་པའི་སྒོར་ཞུགས་པའི༔
རྣལ་འབྱོར་ཉིན་མོའི་སྐར་མ་ཙམ༔
རེས་འཁའ་འབྱུང་བར་སྲིད་གྱུར་ན༔
ཐབས་མཆོག་ཟབ་མོའི་མྱུར་ལམ་ལ༔
སྤྱོད་ཅིང་བསྙེན་སྒྲུབ་མཐར་ཕྱིན་པའི༔
རྗེས་སུ་ཁ་བསྐང་ལས་བཞི་ཡི༔
སྲེག་བླུགས་ལ་བརྟེན་ལས་ལ་སྤྱོར༔
དེ་ཡི་ལག་ལེན་རིམ་པ་ལ༔
མེ་དཀྱིལ་ལས་བཞི་བཞི་གང་རུང་གི༔
དབྱིངས་དང་ཐིག་འཁོར་དེ་བཞིན་ནོ༔
དབུས་སུ་པདྨ་འདབ་མ་བཞི༔
ལྟེ་བར་རཾ་དང་ཧཱུྃ་ཡིག་བྲི༔
ཕྱི་རིམ་རྡོ་རྗེ་རིན་ཆེན་དང༔
པདྨ་རྒྱ་གྲམ་རིས་སུ་བྲིས༔་
དེ་མཐར་མེ་རི་གཡོན་འཁྱིལ་བཀོད༔
རྩི་གཤིང་ལས་བཞི་རང་རང་གི༔
ཚུལ་དང་མཐུན་པའི་ཤིང་ཉིད་ལས༔་
རྩི་ག་ཞི་བར་ཟླུམ་པོ་དང་༔
རྒྱས་པར་གྲུ་བཞི་དབང་ཟླ་དམ༔
དྲག་པོར་གྲུ་གསུམ་ཉིད་དུ་བྱ༔
དེ་ནས་རྡོ་རྗེ་སློབ་དཔོན་གྱི༔
ཆོས་གོས་ཁ་དོག་རང་རང་གི༔
ལས་མཐུན་བྱ་བ་ལག་ལེན་ལ༔
ཁ་ཡི་གྱུ་ཕྱོགས་རང་དེ་བཞིན༔
རྡོ་དྲིལ་ཌཱ་མ་རུ་ལ་སོགས༔་
འོག་ཏུ་མཁོ་རྫས་རྣམས་ཀུན༔
ཡོངས་སུ་ཚང་བར་བྱས་ནས་སུ༔
བདག་བསྐྱེད་ཆོ་ག་སྔོན་སོང་ནས༔
མཐར་ནི་དངོས་གཞིར་འཇུག་པ་ལ༔
དཀར་ཕྱོགས་ལྷ་ལ་དཀར་གཏོར་འབུལ༔
ནག་ཕྱོགས་བགེགས་ལ་འབྲས་ཆན་བཏང་༔
དེ་ནས་རྡོར་དྲིལ་བྱིན་བརླབ་ནི༔
རང་ཉིད་ལྷའི་ང་རྒྱལ་དང་ལྡན་པའི་ངང་ནས༔
ཧཱུྃ་ལས་རྡོ་རྗེ་ཐབས་ཀྱི་རང་བཞིན༔
ལག་གཡས་ཀྱི་རྡོ་རྗེ་ཐུགས་ཀར་གསོར་ཞིང་༔
ཨོཾ་མ་ཧཱ་བཛྲ་ཧཱུྃ༔
གཡོན་པས་དྲིལ་བུ་གསིལ་བཞིན༔
ཨོཾ་བཛྲ་གྷནྜེ་ཨཱཿ
ཡང་དྲིལ་བུ་དཀུར་བརྟེན་ཏེ༔
མཱུཾ་ལས་དྲིལ་བུ་ཤེས་རབ་ཀྱི་རང་བཞིན༔
གཉིས་ཀའང་ཟུང་འཇུག་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་མོས་ལ༔