Troma Nagmo

Andreas Walsh

Dudjom Lingpa Volume 10 Section 42

mkha' 'gro 'dus pa'i skor las dur gcod dngos grub bang mdzod/

Funerary Chod - Treasury of Siddhis

незавершенное производство!
Work in Progress - Unchecked!


ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔
མཁའ་འགྲོ་འདུས་པའི་སྐོར་ལས་དུར་གཅོད་དངོས་གྲུབ་བང་མཛོད་བཞུགས་སོ༔

(手写脚本)

ན་མོ་གུ་རུ་པདྨ་ཀ་ར་ཡེ༔

དུར་གཅོད་དངོས་གྲུབ་བང་མཛོད་ལ༔
རང་ཉིད་ཡེ་ཤེས་མཁའ་འགྲོ་མ༔
འཁོར་འདས་དབང་ཕྱོག་དྲག་མོའི་སྐུ༔
ཁྲོས་མ་ནག་མོའི་སྐུར་གསལ་ཞིང་༔
ལམ་རྣམས་གང་དང་གང་ལ་ཡང་༔
རེ་རྡོགས་འཁྲུ་འཁྲོགས་ཐམས་ཅད་སྤངས༔
བཟང་ངན་རོ་སྙོམས་མན་ངག་གནོད༔
དང་པོ་འགགས་སྲི་གཅོད་པ་ལ༔
དབང་སྡུད་ཟིལ་གནོན་གཞན་ལས་ཤེས༔
དེ་ནས་རོ་རྩར་སླེབ་མ་ཐག༔

ཕཊ༔
ང་ནི་ཁྲོ་མ་ནག་མོའི་སྐུ༔
སངས་རྒྱས་རིགས་ཀྱི་མཁའ་འགྲོ་འགྱེད༔
ཆོས་དབྱིངས་ཡེ་ཤེས་གྲོ་གུག་གིས༔
མ་རིག་འཁྲུལ་པའི་རྒྱུན་ཐག་གཅོད༔
གཏི་མུག་མུན་པའི་དྲྭ་བ་བཤིག༔
གཟུང་འཛིན་རཱུ་ཏྲ་དབྱིངས་སུ་སྒྲོལ༔
ཨོཾ་བུདྡྷ་ཀྲོ་དྷི་ས་མ་ཡ་དུ་ཏྲི་སརྦ་ཤ་ཏྲུཾ་ར་ཡ་རྦད་རྦད༔

ཕཊ༔
ང་ནི་ཁྲོས་མ་ནག་མོའི་སྐུ༔
རྡོ་རྗེ་མཁའ་འགྲོ་ལས་ལ་འགྱེད༔
མེ་ལོང་ཡེ་ཤེས་གྲི་གུག་གིས༔
ཞེ་སྡང་འཁྲུལ་པའི་འབྲེལ་ཐག་གཅོད༔
ཁམས་གསུམ་འཁོར་བའི་དྲྭ་བ་བཤིག༔
གཟུང་འཛིན་རཱུ་ཏྲ་དབྱིངས་སུ་སྒྲོལ༔
ཨོཾ་བཛྲ་ཀྲོ་དྷི་ས་མ་ཡ་དུ་ཏྲི་སརྦ་ཤ་ཏྲུཾ་ར་ཡ་རྦད་རྦད༔

ཕཊ༔
ང་ནི་ཁྲོས་མ་ནག་མོའི་སྐུ༔
རིན་ཆེན་མཁའ་འགྲོ་ལས་ལ་འགྱེད༔
མཉམས་ཉིད་ཡེ་ཤེས་གྲི་གུག་གིས༔
ང་རྒྱལ་ཉོན་འཁྲུལ་འབྲེལ་ཐག་གཅོད༔
ཁམས་གསུམ་འཁོར་བའི་དྲྭ་བ་བཤིག༔
གཟུང་འཛིན་རཱུ་ཏྲ་དབྱིངས་སུ་སྒྲོལ༔
ཨོཾ་རཏྣ་ཀྲོ་དྷི་ས་མ་ཡ་དུ་ཏྲི་སརྦ་ཤ་ཏྲུཾ་ར་ཡ་རྦད་རྦད༔