Troma Nagmo

Andreas Walsh

Dudjom Lingpa Volume 10 Section 17

sgrub pa ye shes nyi ma/

Sadhana - Sun of Wisdom

незавершенное производство!
Work in Progress - Unchecked!


ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔
མ་ཅིག་ཁྲོས་མ་ནག་མོ་ཡི༔
སྒྲུབ་པ་ཡེ་ཤེས་ཉི་མ་བཞུགས་སོ༔

(вставить ручной скрипт)

ན་མོ་གུ་རུ་པདྨ་ཀ་ར་ཡེ༔

མ་ཅིག་ཁྲོས་མ་ནག་མོ་ཡི༔
སྒྲུབ་པ་ཡེ་ཤེས་ཉི་མ་འདི༔
ཉམས་སུ་ལེན་པའི་རིམ་པ་ལ༔
དཀྱིལ་འཁོར་བཀོད་ལེགས་ཟླ་གམ་སྟེང་༔
མེ་ཏོག་ཚོམ་པུ་མ་འདྲེས་བཀོད༔
འབྱོར་ཚོགས་འདོད་ཡོན་སྨ་ཚོགས་བཤམ༔
སྒྲུབ་གནས་ཤིན་ཏུ་དབེན་པའི་ཚལ༔
གྲོགས་མེད་རྣལ་འབྱོར་གཅིག་པུར་གནས༔
གནས་དང་ས་ཡི་བདག་པོ་ལ༔
དཀར་གསུམ་གཏོར་མ་ཕུལ་ནས་སུ༔
སྒྲུབ་པའི་གྲོགས་སུ་ཕྲིན་ལས་བཅོལ༔
དང་པོ་སྐྱབས་འགྲོ་སེམས་བསྐྱེད༔

ཕཊ༔
གཞི་སྣང་ལྷུན་གྲུབ་རྫོགས་པ་ཆེར༔
འཁྲུལ་འཁོར་གཞིག་ཕྱིར་སྐྱབས་སུ་མཆི༔
རྣམ་པར་འཁུལ་པའི་སྣང་ཆའི་འགྲོ༔
ངོ་བོར་སད་ཕྱིར་བྱང་སེམས་བསྐྱེད༔

དེ་ནས་བྱིན་ཆེན་དབབ་པ་ནི༔

ཀ་དག་སྤྲོས་བྲལ་ཆོས་སྐུའི་མཁར༔
ལྷུན་གྲུབ་རང་གདངས་ཡུམ་ཆེན་ལྔ༔
ཐུགས་རྗེའི་རྩལ་ཤུགས་སྤྲུལ་འཁོར་བཅས༔
ཐུགས་རྒྱུད་བསྐུལ་ལོ་དབང་བྱིན་ཕོབ༔
འཇའ་ལུས་ཆེན་པོར་བྱིན་གྱིས་རློབས༔
གཞོན་ནུ་བུམ་སྐུའི་དགོངས་པར་རོལ༔
ཤྲཱི་བཛྲ་ཀྲོ་དྷི་ཀ་ལི་བཾ་ཧ་རི་ནི་ས་ཀཱ་ཡ་པ་ཉྩ་ཛྙཱ་ས་མ་ཡ་ཛ་ཛ༔
ཨ་བེ་ཤ་ཡ་ཨ་ཨ༔

དེ་ནས་མཆོད་རྫས་བྱིན་བརླབ་ནི༔

ཕཊ༔
སྣང་བ་མཐའ་བྲལ་དུར་ཁྲོད་དུ༔
སྲིད་པ་དངོས་འཛིན་རཱུ་ཏྲའི་བམ༔
བདག་མེད་རོལ་པའི་ཤུགས་ཀྱིས་བསྒྲལ༔
འདོད་འཇོའི་དཔལ་ཡོན་མཆོད་པའི་སྤྲིན༔