Troma Nagmo

Andreas Walsh

Dudjom Lingpa Volume 10 Section 16

ma cig khros ma nag mo'i rtsa sgrub zla ba'i 'od phreng /

Root Sadhana - Garland of Moonlight

незавершенное производство!
Work in Progress - Unchecked!


ཆོས་ཉིད་དམ་མཁའི་ཀློང་མཛོད་ལས༔
མ་ཅིག་ཁྲོས་མ་ནག་མོའི་རྩ་སྒྲུབ་ཟླ་བའི་འོད་ཕྲེང་།

(вставить ручной скрипт)

སངས་རྒྱས་པདྨ་འབྱུང་གནས་ངས༔
བརྒྱུད་འཛིན་རྗེས་སུ་བཟུང་བའི་ཕྱིར༔
གསང་བའི་མྱུར་ལམ་ཐབས་མཆོག་གིས༔
སྒོ་གསུམ་རྡོ་རྗེའི་གྲོང་འཕོ་བའི༔
མདམས་པ་ཟླ་བའི་འོད་ཕྲེང་འབྱེད༔
ད་ལ་མདའ་གང་ཟླ་དམ་དམར༔
ཚོམ་བུ་དཀྱིལ་འཁོར་ལྷ་གྲངས་བཀོད༔
ཡང་ན་རྐང་ཁྲིར་གཏོར་མ་གྲངས༔
ཉེར་སྤྱོད་འདོད་ཡོན་སྨན་གཏོར་ཁྲག༔
འབྱོར་ཚོགས་ག་ཎའི་ལོངས་སྤྱོད་བསགས༔
གཟུང་འཛིན་རྣམ་པར་རྟོག་པའི་འཕྲེལ༔
ཐབས་ཤེས་ཡི་གེ་ཕཊ་ཀྱིས་གཏོར༔
སྣང་བ་གནས་འགྱུར་མཁའ་འགྲོའི་དལ༔
ཡོངས་གྲུབ་ཆེན་པོར་ལྷུན་རྫོགས་རིག༔

ཕཊ༔ ཨ༔
ངོ་བོ་ཀ་དག་ཀུན་བཟང་མོ༔
རང་བཞིན་འགགས་མེད་རྣལ་འབྱོར་མ༔
ཐུགས་རྗེས་འགྲོ་འདུལ་ཁྲོས་མའི་སྐུར༔
འདུ་འབྲལ་མེད་པར་སྐྱབས་སུ་མཆི༔

ལན་གསུམ་བརྗོད་ནས་བྱང་སེམས་བསྐྱེད༔

ཕཊ༔ ཀྱཻ༔
སྡུག་བསྔལ་གསུམ་གྱི་ཁྲི་མུན་དུ༔
ཉོན་མོངས་སེམས་ཅན་སྙིང་རེ་རྗེ༔
རྣམ་མཁྱེན་གདོད་མའི་གོ་འཕང་དུ༔
ཕྱམ་གཅིག་རྫོགས་པའི་སངས་རྒྱས་བསྒྲུབ༔

ལན་གསུམ་སླར་ཡང་བྱིན་འབེབས་ལ༔

ཕཊ༔
སྐྱེ་མེད་ཡེ་ཤེས་ཀུན་བཟང་མོ༔
འགགས་མེད་ཡེ་ཤེས་རྣལ་འབྱོར་མ༔
ཀུན་ཁྱབ་ཡེ་ཤེས་ཁྲོས་མའི་སྐུ༔
དབྱིངས་ནས་སྐུར་བཞེངས་འདིར་གཤེགས་ཤིག༔
སྣང་སྲིད་དག་པ་མཁའ་སྤྱོད་དུ༔
ཡོངས་གྲུབ་ཆེན་པོར་བྱིན་ཕོབ་ཅིག༔
ཕཊ༔ བཾ༔
ནམ་མཁའ་རྣམ་དག་དབྱིངས་ཕྱུགས་མ༔
སངས་རྒྱས་མཁའ་འགྲོ་གཤེགས་སུ་གསོལ༔
སྣང་སྲིད་དག་པ་མཁའ་སྤྱོད་དུ༔
ཡོངས་གྲུབ་ཆེན་པོར་བྱིན་ཕོབ་ཅིག༔
ཕཊ༔ ཧ༔
ས་ཁམས་གནས་དག་སངས་རྒྱས་སྤྱན༔
རྡོ་རྗེ་མཁའ་འགྲོ་གཤེགས་སུ་གསོལ༔
སྣང་སྲིད་དག་པ་མཁའ་སྤྱོད་དུ༔
ཡོངས་གྲུབ་ཆེན་པོར་བྱིན་ཕོབ་ཅིག༔
ཕཊ༔ རི༔
ཆུ་ཁམས་གནས་དག་མ་མྂ་ཀི༔་ ༈༈༈
རིན་ཆེན་མཁའ་འགྲོ་གཤེགས་སུ་གསོལ༔
སྣང་སྲིད་དག་པ་མཁའ་སྤྱོད་དུ༔
ཡོངས་གྲུབ་ཆེན་པོར་བྱིན་ཕོབ་ཅིག༔
ཕཊ༔ ནི༔
མེ་ཁམས་གནས་དག་གོས་དཀར་མོ༔
པདྨ་མཁའ་འགྲོ་གཤེགས་སུ་གསོལ༔
སྣང་སྲིད་དག་པ་མཁའ་སྤྱོད་དུ༔
ཡོངས་གྲུབ་ཆེན་པོར་བྱིན་ཕོབ་ཅིག༔