Troma Nagmo

Andreas Walsh

Dudjom Lingpa Volume 10 Section 11

gsol 'debs mu tig phreng mdzes/

Beautiful String of Pearls

དག་སྣང་ཡེ་ཤེས་དྲྭ་བ་ལས༔
གསོལ་འདེབས་མུ་ཏིག་ཕྲེང་མཛེས་བཞུགས་སོ༔

(手写脚本)

ན་མོ་གུ་རུ་པདྨ་ཀ་ར་ཡེ༔

ཟོལ་མེད་མོས་གུས་དྲག་པོས་དུས་གསུམ་དུ༔
བླ་མ་ཡིད་ལ་དྲན་ཅིང་འདུ་བརྗོད་ན༔
དབང་བྱིན་ནུས་པ་རྒྱུད་ལ་རབ་ཏུ་འཇིག༔
རྣམ་མཁྱེན་ལམ་གྱི་བར་ཆད་དེས་པར་སེལ༔

ཨེ་མ་ཧོཿ
ཁྱབ་བདག་གདོད་མའི་མགོན་པོ་ཀུན་ཏུ་བཟང༔
ལྷུན་གྲུབ་ལོངས་སྐུ་རིགས་ལྔ་གངས་ཆེན་མཚོ༔
ཐུགས་རྗེའི་བདག་ཉིད་རིགས་གསུམ་འཁྲོ་བའི་མགོན༔
གསོལ་བ་འདེབས་སོ་བདག་རྒྱུད་སྨིན་གྲོལ་མཛོད༔

གདུལ་དཀའ་འདུལ་མཛད་རྣམ་འདྲེན་སངས་རྒྱས་སྟོང་༔
དེ་སྲེས་བྱང་སེམས་ཉན་རང་འཕགས་ཚོགས་དང་༔
འཛམ་གླིང་མཛེས་པའི་རྒྱན་དྲུག་མཆོག་གཉིས་ལ༔
གསོལ་བ་འདེབས་སོ་བདག་རྒྱུད་སྨིན་གྲོལ་མཛོད༔

གཞོན་ནུ་བུམ་པའི་སྐུ་བརྙེས་དགའ་རབ་རྗེ༔
འཇའ་ལུས་དབང་ཕྱུག་མཁས་པ་ཤྲཱི་སེང་༔
རྒྱལ་བའི་དབང་པོ་ཨོ་རྒྱན་པདྨ་འབྱུང་༔
གསོལ་བ་འདེབས་སོ་བདག་རྒྱུད་སྨིན་གྲོལ་མཛོད༔

རྒྱལ་བ་སྟན་ཉིད་བྱེད་བདང་པོ་ཞི་བ་འཚོ༔
བསྟན་པའི་ཞིང་གྱུར་མངའ་བདག་ཁྲི་སྟེང་རྗེ༔
ཡེ་ཤེས་སྒྱུ་མའི་སྐུ་བརྙེས་བི་མ་ལ༔
གསོལ་བ་འདེབས་སོ་བདག་རྒྱུད་སྨིན་གྲོལ་མཛོད༔

ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་མཚོ་རྒྱལ་མ༔
མཁས་ཞིང་གྲུབ་པ་ཕུལ་ཕྱིན་བཻ་རོ་རྗེ༔
ཟབ་རྒྱའི་མཛོད་འཛིན་རྗེ་འབངས་ཉི་ཤུ་ལྔ༔
གསོལ་བ་འདེབས་སོ་བདག་རྒྱུད་སྨིན་གྲོལ་མཛོད༔

ཐེག་གསུམ་སྒོར་ཞུགས་རང་དག་དོན་ལྡན་ཅིང་༔
གྲུབ་པ་མངོན་གྱུར་མཆོག་གི་དངོས་གྲུབ་བརྙེས༔
མཐོང་ཐོས་དྲན་རེག་ཐར་པའི་ལམ་དུ་གཟུད༔
བསྟན་འཛིན་སྐྱེས་བུ་རྣམས་ལ་གསོལ་བ་འདེབས༔

བདག་ནི་ཚེ་རབས་ཚེ་བརྒྱུད་ཐམས་ཅད་དུ༔
སྐད་ཅིག་མི་འབྲལ་བརྩེ་བས་རྗེས་སུ་ཟུངས༔
བསམ་པའི་དོན་ཀུན་ཡིན་བཞིན་འགྲུབ་པ་དང་༔
འདི་ཕྱིའི་མི་མཐུན་རྒུད་པ་ཀུན་ལས་སྐྱབས༔
ཁམས་གསུམ་ཆོས་ཀྱི་རྒྱལ་པོར་དབུགས་དབྱུང་ནས༔
དོན་གཉིས་ལྷུན་གྲུབ་སྐུ་གཉིས་མངོན་གྱུར་ཤོག༔

ཡེ་ཤེས་མཁའ་འགྲོ་གསང་བ་ཡེ་ཤེས་ངས༔
འགྲོ་བ་དད་ལྡན་བསོད་ནམས་བསྐྱེད་པའི་ཕྱིར༔
བདུད་རྩིའི་ཟེག་མ་འདི་ཡང་སྟེར་བ་ཡིན༔
དུས་གསུམ་རྒྱུན་ཆད་མེད་པར་ཉམས་སུ་ལོངས༔
ཞེས་པ་འདི་ནི་བཙུན་མ་ཆོས་དབྱིངས་སྒྲོན་གྱིས་བསྐུལ་ནོར།
ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཡེ་ཤེས་ཀློང་གི་མཛོད་ལས་བསྒྱུར་བའི་ཡི་གེ་པ་ནི་རིག་པའི་རྡོ་རྗེ་ཕྱན་ཚོགས་བཀྲ་ཤིས་སོ།
།དགེའོ།། །།