Troma Nagmo

Andreas Walsh

Dudjom Lingpa Volume 10 Section 9

dbang sdud zil gnon khros ma'i gad rgyangs/

Troma's Laughter

དག་སྣང་ལས༔
དབང་སྡུད་ཟིལ་གནོན་ཁྲོས་མའི་གད་རྒྱངས་བཞུགས་སོ༔

ཕཊ་ཕཊ་ཕཊ༔
སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་ཐམས་ཅད་བདུག་གི་སྣང་བའི་ཀློང་ཆེན་པོར་འུབ་ཏུ་འདས་ཞིང་ཡོངས་སུ་ཆུབ་པར་གྱུར༔
ཕཊ༔
ཡེ་ཤེས་རང་རྩལ་སྒྱུ་འཕྲུལ་གྱི་་མཁའ་འགྲོ་མ་དཔག་ཏུ་མེད་པས་གཟུང་འཛིན་རཱུ་དྲ་་ལྷ་འདྲེ་ཐམས་ཅད་བདག་མེད་གནས་ལུགས་ཀྱི་་ངང་དུ་བཤིག་པར་གྱུར༔
ཕཊ་ཕཊ་ཕཊ༔
མ་དབུས་ཕྱོགས་སངས་རྒྱས་མཁའ་འགྲོ་མས༔
ཆོས་དབྱིངས་ཡེ་ཤེས་བརྟུལ་ཞུགས་ཀྱིས༔
གཏི་མུག་ལྷ་འདྲེ་དབང་དུ་སྡུས༔
དབང་དུ་བསྡུས་ལ་ཟིལ་གྱིས་ནོན༔
ཕཊ་ཕཊ་ཕཊ༔

སྐུ་གསུམ་གྱི་ཀློང་དུ་བཤིག་པའི་ཕཊ་སྒྲའོ༔

མ་ཤར་ཕྱོགས་རྡོ་རྗེ་མཁའ་འགྲོ་མས༔
མེ་ལོང་ཡེ་ཤེས་བརྟུལ་ཞུགས་ཀྱིས༔
ཞེ་སྡང་ལྷ་འདྲེ་དབང་དུ་སྡུས༔
དབང་དུ་བསྡུས་ལ་ཟིལ་གྱིས་ནོན༔
ཕཊ་ཕཊ་ཕཊ༔
མ་ལྷོ་ཕྱོགས་རིན་ཆེན་མཁའ་འགྲོ་མས༔
མཉམ་ཉིད་ཡེ་ཤེས་བརྟུལ་ཞུགས་ཀྱིས༔
ང་རྒྱལ་ལྷ་འདྲེ་དབང་དུ་སྡུས༔
དབང་དུ་བསྡུས་ལ་ཟིལ་གྱིས་ནོན༔
ཕཊ་ཕཊ་ཕཊ༔
མ་ནུབ་ཕྱོགས་པདྨ་མཁའ་འགྲོ་མས༔
སོར་རྟོག་ཡེ་ཤེས་བརྟུལ་ཞུགས་ཀྱིས༔
འདོད་ཆགས་ལྷ་འདྲེ་དབང་དུ་སྡུས༔
དབང་དུ་བསྡུས་ལ་ཟིལ་གྱིས་ནོན༔
ཕཊ་ཕཊ་ཕཊ༔
མ་བྱངས་ཕྱོགས་ལས་ཀྱི་མཁའ་འགྲོ་མས༔
བྱ་གྲུབ་ཡེ་ཤེས་བརྟུལ་ཞུགས་ཀྱིས༔
ཕྲག་དོག་ལྷ་འདྲེ་དབང་དུ་སྡུས༔
དབང་དུ་བསྡུས་ལ་ཟིལ་གྱིས་ནོན༔

སྐྱབས་དཀོན་མཆོག་གསུམ་གྱི་བདེན་པ་དང༔
སྐུ་གསུམ་མཁའ་འགྲོས་ཐུགས་རྗེ་དང༔
ཡུམ་ཆེན་ལྔ་ཡི་བྱིན་རླབས་ཀྱིས༔
ཕོ་གདོན་རྒྱལ་པོ་དབང་དུ་སྡུས༔

མོ་གདོན་འདྲེ་མོ་དབང་དུ་སྡུས༔
ཀླུ་གདོན་ས་བདག་དབང་དུ་སྡུས༔
གནས་གདོན་ལུས་གདོན་དབང་དུ་སྡུས༔
ཐམས་ཅད་ཟིལ་གྱིས་གནོན་གྱུར་ཅིག༔
ཕཊ་ཕཊ་ཕཊ༔

ས་མ་ཡ༔
མཁ་འགྲོ་ཡེ་ཤེས་མཚོ་རྒྱལ་མས་གདམས་པའོ།
།དགེ་ལེགས་འཕེལ།། །།