ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔
མཁའ་འགྲོ་འདུས་པའི་དབང་སྡུད་ཟིལ་གནོན་པདྨ་རྒྱས་པའི་ཆུན་འཕྱང་།
ན་མོ་གུ་རུ་པདྨ་ཀ་ར་ཡེ༔
(手写脚本)
མཁའ་འགྲོའི་དབང་སྡུད་ཟིལ་གནོན་ལ༔
མི་རྐང་གླིང་བུའི་སྒྲ་དང་བཅས༔
སྣང་སྲིད་ཐམས་ཅད་རང་སྣང་ཀློང་༔
ཡེ་ནས་རྫོགས་ལྡན་རིག་པའི་ངང་༔
གཉིས་སུ་འཛིན་པའི་ཡུལ་སྣང་ཀུན༔
མ་ལུས་རང་སྣང་བདག་མེད་དུ༔་
རོ་གཅིག་སྙོམས་པའི་བརྟུལ་ཞུགས་བསྐྱེད༔
རང་ཉིད་ཁྲོས་མའི་སྤྲུལ་པའི་འཁོར༔
ལས་མཛད་དཀར་སེར་དམར་ལྗང་མཐིང༔
གྲངས་མེད་དཔག་ཡས་མཁའ་ཁྱབ་ཀྱིས༔
གཉིས་འཛིན་ལྷ་འདྲེ་མ་ལུས་ཨ༔
ཐལ་རྡུལ་རླུང་གིས་བསྐྱོད་པ་ལྟར༔
རང་དབང་མེད་པར་བསྐུག་ནས་ནི༔
རང་གི་མངའ་འོག་བསྡུས་པ་ལས༔
ཀུན་གྱིས་ཁྲོ་གཏུམ་དཔའ་རང་ཟིལ༔
མཐུ་ནུས་སྐྱབས་བྲལ་ཉམ་ཐག་པ༔
ཉ་མོ་སྐམ་སར་བཏོན་བཞིན་བསྒོམ༔
མི་ལྤགས་གཡང་གཞིས་ཉོན་མོངས་བཅོམ༔
ཀུན་གྱི་བློ་ཡིད་གནས་འགྱུར་ནས༔
བྱང་ཆུབ་སེམས་ལྡན་གུས་འདུད་བསམ༔
ཕཊ་ཕཊ་ཕཊ༔
རྣག་ཉིད་སྐད་ཅིག་གིས་ཆོས་ཉིད་དོན་གྱི་རིག་སྐུ་མ་ཅིག་ཁྲོས་མ་ནག་མོ་ཐོས་སྐུ་སྐྱེ་བ་མེད་པ་མཚོན་པའི་སྐུ་མདོག་མཐིང་ནག༔
ཉག་གཅིག་བདེ་བ་ཆེན་པོ་མཚོན་པའི་ཞལ་གཅིག་པ༔
ཐབས་བདེ་བ་ཆེན་པོ་དང་ཤེས་རབ་ཙོང་ཉིད་ཆེན་པོ་མཚོན་ཕྱག་གཉིས༔
སྲིད་དང་ཞི་བའི་མཐའ་ལ་མི་གནས་པའི་ཞབས་གཉིས༔
སྐུ་གསུམ་ལྷུན་གྱིས་གྲུབ་པའི་སྤྱན་གསུམ་ནམ་མཁའི་དབྱིངས་སུ་ཧྲིག་གེར་གཟིགས་པ༔
དོན་གཉིས་གླུན་གྱིས་གྲུབ་པ་མཚོན་པའི་ཤངས་བུག་གཉིས་ནས་ཧུང་གི་རང་སྒྲ་ལྡིར་བ༔
མཉམ་ཉིད་བདེ་བ་ཆེན་པོའི་ཞལ་གདངས་ཞིང༔
ཚད་མེད་རྣམ་བཞིས་འགྲོ་བ་འདུལ་བའི་བརྡར་མཆེ་བ་བཞི་གཙིགས་པ༔
འཁོར་འདས་མཉམ་པར་སྒྲོལ་བའི་ལྗགས་གློག་དམོག་གློག་དམར་དུ་འདྲིལ་བ༔
བདེན་གཉིས་ཟུང་དུ་འཇུག་པའི་སྙན་གཉིས༔
ཀུན་རྟོག་ལྔ་བཅུ་རྩ་བརྒྱད་གནས་སུ་དག་ནས་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་རྫོགས་པའི་ཚོགས་སྲེང་ཟླ་ལྟར་བཀྲ་བ༔