Troma Nagmo

Andreas Walsh

Longchen Nyingthig Volume OM Section 25

yum ka mkha' 'gro'i nang sgrub bde chen snying po'i gter bum/

незавершенное производство!
Work in Progress - Unchecked!


ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ
ཡུམ་ཀ་མཁའ་འགྲོའི་ནང་སྒྲུབ་བདེ་ཆེན་སྙིང་པོའི་གཏེར་བུམ་བཞུགསཿ

བདག་ཉིད་ཆེན་པོ་པདྨ་ནིཿ
དབྱིངས་ཀྱི་ཡུམ་ལ་དབང་བསྒྱུར་བསཿ
མཁའ་འགྲོ་ཡོངས་ཀྱི་མིང་པོ་ཡིནཿ
ཆུ་སྐྱེས་ཞལ་གྱི་གེ་སར་ལསཿ

born from the pistol of lotus.

བྱུང་བའི་ལྷ་མོ་མྱུར་དཔའ་སྒྲོལཿ
གངས་རིའི་ཁྲོད་ན་མི་མོའི་ཚུལཿ
ཕྱི་ལྟར་དབྱངས་ཅན་མཚོ་རྒྱལ་མཿ
ནང་ལྟར་རྗེ་བཙུན་སྒྲོལ་མ་དངོསཿ

གསང་བ་རྡོ་རྗེ་ཕག་མོ་ཡིནཿ
བསྙེན་པ་དབྱིངས་ཀྱི་ཡུམ་ལ་བྱཿ
དོན་གྱི་ཕག་མོའི་ཞལ་མཐོང་འགྱུརཿ
ཕྲིན་ལས་ཐུགས་རྗེའི་རྩལ་ཤུགས་ནིཿ

Secretly she is Vajravarahi,

བྱེ་བ་ཕྲག་བརྒྱའི་སངས་རྒྱས་དང་༔
སེམས་དཔའ་མཆོག་རྣམས་བསྙེན་བཀུར་ཞིང་༔
འགྲོ་སྒྲོལ་ཐུགས་བསྐྱེད་དམ་བཅའ་ལ༔
དཔའ་ཞིང་ཐུགས་རྗེ་མྱུར་བས་ན༔

བཅོམ་ལྡན་སྣང་བ་མཐའ་ཡས་དང་༔
བསྐལ་བཟང་སངས་རྒྱས་སྟོང་རྩ་ཡིས༔
བསྟོད་བསྔགས་རྒྱལ་སྲས་རྣམས་ཀྱིས་བསྟེན༔
ས་དང་ཕ་རོལ་ཕྱིན་པ་ལ༔

དབང་བསྒྱུར་སྒྲོལ་མ་རྣལ་འབྱོར་མའིཿ
རྣམ་པར་སྒྲུབ་པས་བྱིན་རླབས་འགྱུརཿ
ས་མ་ཡཿ

དེ་ལ་ལས་ཚོགས་ཉེར་གཅིག་གིཿ
དང་པོ་ཚད་མེད་བཞི་བསྒོམས་ནསཿ
གཞན་ཕན་རྟེན་འབྲེལ་བསྒྲིགས་པ་གཅེསཿ
སྙན་གྲགས་རྩ་བ་བྱང་ཆུབ་སེམསཿ
རང་སྣང་འགྱུར་ཚེ་གཞན་སྣང་འགྱུརཿ
རྩ་བའི་སྒྲུབ་པས་ཁོག་ཕུབས་ལཿ
ཡེ་ཤེས་སེམས་དཔའ་གནས་བསྒྱུར་ནིཿ

These are the 21 spiritual practices:
First, after contemplating the four immeasurables,
place yourself in

མཁའ་འགྲོའི་ཐུགས་ཀར་པད་ཟླའི་སྟེང་༔
མྱུར་མ་དཔའ་བའི་རྗེ་བཙུན་མཿ
དམར་མོ་ཁྲོ་འཛུམ་ཆགས་པའི་ཉམསཿ
ཞབས་གཉིས་རྟ་བབས་སྐྱིལ་མོ་ཀྲུང་༔
ཕྱག་གཡས་མཆོག་སྦྱིན་གཡོན་པ་ནིཿ
དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱསཿ
གཡས་འཁྱིལ་དུང་མཚན་ཨུཏྤལ་འཛིནཿ
གློག་ལྟར་མྱུར་བའི་རྐན་གཡོས་པསཿ
ལྷ་དང་བཅས་པའི་འཇིག་རྟེན་ནཿ
བདག་གི་སྙན་གྲགས་གསལ་བར་བསམཿ
ཨོཾ་

ཐུགས་ཀར་ཟླ་གདན་མ་རྐཾ་ཡིག་བཀོད་པའི་མཐར་བསྐོར་སྔགས་ཕྲེང་ལས་མཐུན་གྱི་འོད་ཟེར་འཕྲོས་པར་བསམ་མོ། མཆན།

པདྨོ་ཡཱོ་གི་ནི་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་བོ་དྷི་ཙིཏྟ་སྭཱ་ཧཱ༔

OM PADMO YOGINI TARE TUTTARE TURE BODHI CHITTA SVAHA.

ཐུན་མཚམས་མཆོད་ཅིང་ཡིག་བརྒྱས་བཤགས༔


ཕྱག་འཚལ་སྒྲོལ་མ་མྱུར་མ་དཔའ་མོ།
།སྤྱན་ནི་སྐད་ཅིག་གློག་དང་འདྲ་མ།
།འཇིག་རྟེན་གསུམ་མགོན་ཆུ་སྐྱེས་ཞལ་གྱི།
།གེ་སར་བྱེ་བ་ལས་ནི་བྱུང་མ།

།ཤླཽ་ཀ་ཉིད་བརྒྱ་ཚར་བརྗོད༔
སྨོན་སེམས་བསྐྱེད་ཅིང་དགེ་བ་བསྔོ༔
ཀུན་ལ་ཐུན་མཐར་ཚོགས་འཁོར་བསྐོར༔
ལས་མཐའ་མེ་མཆོད་ཉིད་ལ་གཏད༔
རྣོ་ལ་ངར་གྱིས་གདགས་པ་བཞིན༔
ས་མ་ཡ༔
________________________________________________________

2. To Accomplish Intelligence and Wisdom.

༈ གཉིས་པ་བློ་དང་ཤེས་རབ་སྒྲུབ༔

མཁའ་འགྲོའི་ཐུགས་ཀར་པད་ཟླའི་སྟེང་༔
དབྱངས་ཅན་མ་ནི་སྟོན་ཟླའི་ཞལ༔
ཞབས་གཉིས་རྟ་བབས་སྐྱིལ་མོ་ཀྲུང་༔
ཕྱག་གཡས་མཆོག་སྦྱིན་གཡོན་པ་ནི༔
དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱསཿ
མེ་ལོང་ཧྲཱིཾ་མཚན་ཨུཏྤལ་འཛིནཿ
འོད་ཟེར་འཕྲོས་པས་རྒྱལ་རྣམས་ཀྱིཿ
མཁྱེན་རབས་སོ་སོ་ཡང་དག་རིག༔
སྐར་མ་སྟོང་ཕྲག་ཚོགས་པ་ལྟའི༔
བློ་གྲོས་གཏེར་ཁ་ཕྱེ་བར་བསམ༔
ཨོཾ་པདྨོ་ཡཱོ་གི་ནི་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་པྲཛྙཱ་ཧྲཱིཾ་ཧྲཱིཾཿསྭཱ་ཧཱཿ

OM PADMO YOGINI TARE TUTTARE TURE PRAJNA HRIM HRIM SVAHA.

རྨོངས་པའི་རྒྱུ་ནི་མ་རིག་པཿ
ནད་དང་གདོན་ཡང་དེ་ལ་བརྟེནཿ
རིག་པ་འདི་སྒྲུབ་སྐྱེས་བུ་ནིཿ
ཤེས་རབ་ལྷ་ཡིས་རྗེས་སུ་འཛིནཿ
ཐུན་མཚམས་གོང་འདྲཿ


ཕྱག་འཚལ་སྟོན་ཀའི་ཟླ་བ་ཀུན་ཏུ།
།གང་བ་བརྒྱ་ནི་བརྩེགས་པའི་ཞལ་མ།
།སྐར་མ་སྟོང་ཕྲག་ཚོགས་པ་རྣམས་ཀྱིས།
།རབ་ཏུ་ཕྱེ་བའི་འོད་རབ་འབར་མ།

།བརྗོདཿ ས་མ་ཡཿ ནིཿ
________________________________________________________

3. To Increase the Power of Merit

༈ གསུམ་པ་བསོད་ནམས་སྟོབས་བསྐྱེད་ན༔

མཁའ་འགྲོའི་ཐུགས་ཀར་པད་ཟླའི་སྟེང་༔
སེར་མོ་བསོད་ནམས་མཆོག་སྟེར་མ༔
ཞབས་གཉིས་རྟ་བབས་སྐྱིལ་མོ་ཀྲུང་༔
ཕྱག་གཡས་མཆོག་སྦྱིན་གཡོན་པ་ནི༔
དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱས༔
ཆུ་སྐྱེས་སྟེང་ན་རིན་ཆེན་འཛིན༔
སྐུ་ལས་ཉི་གཞོན་འཆར་ཀའི་འོད༔
འཕྲོས་པས་བྱང་ཆུབ་སེམས་དཔའ་ཡིཿ
འཇུག་པའི་རྐོད་པ་བདག་དབང་གྱུར༔
ཀུན་གྱིས་བརྫི་བར་མི་ནུས་པའིཿ
དབང་བཅུའི་ཡོན་ཏན་ཐོབ་པར་བསམཿ
ཨོཾ་པདྨོ་ཡཱོ་གི་ནི་ཏཱ་རེ་ཏུཏྟཱ་ཏུ་རེ་མ་ཧཱ་པུཎྱེ་སྭཱ་ཧཱ།

OM PADMO YOGINI TARE TUTTARE TURE MAHA PUNYE SVAHA.

བསོད་ནམས་མེད་ན་ལོངས་རྐོད་དང་༔
ཚེ་ཡང་རྟག་པར་མི་ནུས་ན༔
ཆོས་དོན་གཉེར་ལ་སྨོས་ཅི་དགོས༔
དེ་ཕྱིར་འདི་ལ་བརྩོན་པར་གྱིས༔
ཐུན་མཚམས་གོང་འདྲ༔


ཕྱག་འཚལ་ནིཿསེར་སྔོ་ཆུ་ནས་སྐྱེས་ཀྱི།
།པདྨས་ཕྱག་ནི་རྣམ་པར་བརྒྱན་མ།
།སྦྱིན་པ་བརྩོན་འགྲུས་དཀའ་ཐུབ་ཞི་བ།
།བཟོད་པ་བསམ་གཏན་རྐོད་ཡུལ་ཉིད་མ།

།བརྗོདཿས་མ་ཡ།
___________________________________

4. immortal life practice.

༈ བཞི་པ་འཆི་མེད་ཚེ་སྒྲུབ་ན༔

མཁའ་འགྲོའི་ཐུགས་ཀར་པད་ཟླའི་སྟེང་༔
གཙུག་ཏོར་རྣམ་རྒྱལ་གསེར་མདོག་ཅན༔
ཞབས་གཉིས་རྟ་བབས་སྐྱིལ་མོ་ཀྲུང་༔
ཕྱག་གཡས་མཆོག་སྦྱིན་གཡོན་པ་ནི༔
དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱས༔
ཨུཏྤ་ལར་གནས་ཚེ་བུམ་འཛིན༔
འོད་ཟེར་སྤྲོ་བསྡུས་འཁོར་འདས་ཀྱི༔
རྐངས་བཅུད་བདག་ལ་ཐིམ་པར་བསམ༔
ཨོཾ་པདྨོ་ཡཱོ་གི་ནི་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨཱཿཡུར་དཱ་ཏེ་བྷྲཱུྃ་སྭཱ་ཧཱ༔

OM PADMO YOGINI TARE TUTTARE TURE AYUR DATE BHRUM SVAHA.

སྤྲོས་པ་ཅན་ལ་ཚེ་རྫས་བཤམསཿ
ཚེ་དབང་བདུད་རྩི་བུམ་བཅུད་ཀྱིཿ
སྔགས་ལ་ཚིག་འཕྲད་བསྒྱུར་བས་འགྲུབཿ


ཕྱག་འཚལ་དེ་བཞིན་གཤེགས་པའི་གཙུག་ཏོར།
།མཐའ་ཡས་རྣམ་པར་རྒྱལ་བར་རྐོད་མ།
།མ་ལུས་ཕ་རོལ་ཕྱིན་པ་ཐོབ་པའི།
།རྒྱལ་བའི་སྲས་ཀྱིས་ཤིན་ཏུ་བསྟེན་མ།

།བརྗོདཿ ས་མ་ཡཿ
___________________________________

5. The Object of Attention Being Magnetization.

༈ ལྔ་པ་དམིགས་བྱ་དབང་སྡུད་ན༔

མཁའ་འགྲོའི་ཐུགས་ཀར་པད་ཟླའི་སྟེང་༔
རིག་བྱེད་སྒྲོལ་མ་ལེ་བརྒན་མདོག༔
ཞབས་གཉིས་རྟ་བབས་སྐྱིལ་མོ་ཀྲུང་༔
ཕྱག་གཡས་མཆོག་སྦྱིན་གཡོན་པ་ནི༔
དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱས༔
ཨུཏྤ་ལར་གནས་མདའ་གཞུ་འཛིན༔
འབར་ཞིང་རྣོ་བའི་འོད་ཟེར་གྱིས༔
དམིགས་བྱའི་སྙིང་ལ་གཟིར་བ་ཡིས༔
བརྟན་པ་འབྲལ་ཏེ་འདུད་པར་བསམ༔
ཨོཾ་པདྨོ་ཡཱོ་གི་ནི་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཀུ་རུ་ཀུལླེ་ནྲི་ཛ་སྭཱ་ཧཱཿ

OM PADMO YOGINI TARE TUTTARE TURE KURU KULLE NRI DZA SVAHA.

མཁན་སློབ་དགེ་འདུན་རྒྱལ་བློན་དང་༔
ཁྱིམ་བདག་དྲྭ་མའི་མིང་སྤེལ་བཅུག༔


ཕྱག་འཚལ་ཏུཏྟཱ་ར་ཧཱུྃ་ཡི་གེས།
།འདོད་དང་ཕྱོགས་དང་ནམ་མཁའ་གང་མ།
།འཇིག་རྟེན་བདུན་པོ་ཞབས་ཀྱིས་མནན་ཏེ།
།ལུས་པ་མེད་པར་འགུགས་པར་ནུས་མ།

།བརྗོདཿ ས་མ་ཡཿ
___________________________________

6. Power to Destroy Negative Forces.

༈ དྲུག་པ་སྨྱོ་བརྗེད་ཤ་ཟ་དང་༔ གནོད་སྦྱིན་གདོན་གྱི་སྟོབས་གཞོམས་ནཿ

མཁའ་འགྲོའི་ཐུགས་ཀར་པད་ཟླའི་སྟེང་༔
འཇིགས་བྱེད་ཆེན་མོ་དམར་ནག་ཞལཿ
ཞབས་གཉིས་རྟ་བབས་སྐྱིལ་མོ་ཀྲུང་ཿ
ཕྱག་གཡས་མཆོག་སྦྱིན་གཡོན་པ་ནིཿ
དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱསཿ
ཨུཏྤ་ལར་གནས་ཕུར་བུ་འཛིནཿ
ཧཱུྃ་གི་ཚྭ་ཚྭ་འཕྲོས་པ་ཡིས༔
གདོན་གྱི་མགོ་བོ་རབ་བཀས་ནསཿ
ཆོས་ཉིད་ངང་དུ་བརྒྱལ་བར་བསམཿ
ཨོཾ་པདྨོ་ཡཱོ་གི་ནི་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་བིགྷྣཱ་ན་བཾ་ཧཱུྃ་ཕཊ྄ཿསྭཱ་ཧཱཿ

OM PADMO YOGINI TARE TUTTARE TURE SARVA BIGHNEN BAM HUM PHAT SVAHA.

རྨོངས་བྱེད་གདོན་དང་སྨྱོ་འདྲེ་ཀུནཿ
འདི་ཡིས་གསོས་པར་ཐེ་ཚོམ་མེདཿ


ཕྱག་འཚལ་བརྒྱ་བྱིན་མེ་ལྷ་ཚངས་པ།
།རླུང་ལྷ་སྣ་ཚོགས་དབང་ཕྱུག་མཆོད་མ།
།འབྱུང་པོ་རོ་ལངས་དྲི་ཟ་རྣམས་དང་།
།གནོད་སྦྱིན་ཚོགས་ཀྱིས་མདུན་ནས་བསྟོད་མ།

།བརྗོདཿ ས་མ་ཡཿ
___________________________________

7. To Dispel Wars and Natural Disasters.

༈ བདུན་པ་གཡུལ་གྱི་འཁྲུལ་འཁོར་དང་༔ ཐོག་སེར་དྲག་པོ་འཇོམས་འདོད་ན༔

མཁའ་འགྲོའི་ཐུགས་ཀར་པད་ཟླའི་སྟེང་༔
གཏུམ་མོ་གཞན་གྱིས་མི་ཐུབ་མ༔
ནག་མོ་མེ་འབར་ཁྲོ་གཉེར་ཅན༔
ཞབས་གཉིས་རྟ་བབས་སྐྱིལ་མོ་ཀྲུང་༔
ཕྱག་གཡས་མཆོག་སྦྱིན་གཡོན་པ་ནི༔
དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱས༔
ཨུཏྤ་ལར་གནས་རལ་གྲི་འཛིན༔
ཐོག་སེར་སྡེ་བརྒྱད་འཕྲུལ་འཁོར་དང་༔
སྒྱོག་སོགས་གཡུལ་གྱི་འཕྲུལ་འཁོར་གྱི༔
དགྲ་གཤེད་ཐལ་བར་གྱུར་པར་བསམ༔
ཨོཾ་པདྨོ་ཡཱོ་གི་ནི་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་བཛྲ་ཏ་ཀ་ཧ་ན་ལི་ཙ་ཕཊ྄ཿསྭཱ་ཧཱཿ

OM PADMO YOGINI TARE TUTTARE TURE VAJRA TAKA HANA LITSA PHAT SVAHA.


ཕྱག་འཚལ་ཏྲཊ་ཅེས་བྱ་དང་ཕཊ྄ཿཀྱིས།
།ཕ་རོལ་འཕྲུལ་འཁོར་རབ་ཏུ་འཇོམས་མ།
།གཡས་བསྐུམ་གཡོན་བརྐྱང་ཞབས་ཀྱིས་མནན་ཏེ།
།མེ་འབར་འཁྲུགས་པ་ཤིན་ཏུ་འབར་མ།

།བརྗོདཿ ས་མ་ཡཿ
___________________________________

8. To Destroy Harm.

༈ བརྒྱད་པ་གཞན་རྒོལ་མཚངས་འབྲུ་གཞོམསཿ

མཁའ་འགྲོའི་ཐུགས་ཀར་པད་ཟླའི་སྟེང་༔
གཞན་མི་རྒྱལ་བའི་དཔའ་མོ་ནི༔
དམར་ནག་ཁྲོ་གཉེར་ལྡན་པའི་ཞལཿ
ཞབས་གཉིས་རྟ་བབས་སྐྱིལ་མོ་ཀྲུང་༔
ཕྱག་གཡས་མཆོག་སྦྱིན་གཡོན་པ་ནིཿ
དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱསཿ
ཨུཏྤ་ལར་གནས་རྡོ་རྗེ་འཛིན༔
ཚ་ཞིང་རྩུབས་པའི་འོད་ཟེར་གྱིསཿ
ཉོན་མོངས་བདུད་དགྲ་གསོད་པར་བསམཿ
ཨོཾ་པདྨོ་ཡཱོ་གི་ནི་ཏཱ་རེ་ཏུཏྟཱ་ར་ཏུ་རེ་ད་ཧ་པ་ཙ་ཧཱུྃ་ཕཊ྄ཿསྭཱ་ཧཱཿ

OM PADMO YOGINI TARE TUTTARE TURE DAHA PATSA HUM PHAT SVAHA.


ཕྱག་འཚལ་ཏུ་རེ་འཇིགས་པ་ཆེན་མོ།
།བདུད་ཀྱི་དཔའ་བོ་རྣམ་པར་འཇོམས་མ།
།ཆུ་སྐྱེས་ཞལ་ནི་ཁྲོ་གཉེར་ལྡན་མཛད།
།དགྲ་བོ་ཐམས་ཅད་མ་ལུས་གསོད་མ།

།བརྗོདཿ ས་མ་ཡཿ
___________________________________

9. Protecting from Fears.

༈ དགུ་པ་འཇིགས་པའི་ཚོགས་སྐྱོབས་ན༔

མཁའ་འགྲོའི་ཐུགས་ཀར་པད་ཟླའི་སྟེང་༔
སེང་ལྡེང་ནགས་ཀྱི་སྒྲོལ་མ་ནི༔
མ་རྒད་མདོག་ཅན་འོད་རབ་འཁྲུགས༔
ཞབས་གཉིས་རྟ་བབས་སྐྱིལ་མོ་ཀྲུང་༔
ཕྱག་གཡས་མཆོག་སྦྱིན་གཡོན་པ་ནི༔
དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱས༔
ཨུཏྤ་ལར་གནས་འཁོར་ལོ་འཛིན༔
མེ་སྦྲུལ་ཤ་ཟ་གླང་ཆེན་བརྩོན༔
ཆོམ་རྐུན་སེང་གེ་རྒྱ་མཚོའི་རླབས༔
རྒྱལ་པོའི་ཆད་པ་དགྲ་གདོན་མཛེ༔
བཤེས་བྲལ་དབུལ་ཕོངས་གནམ་ལྕགས་ཐོག༔
དོན་ཉམས་ལ་སོགས་འཇིགས་པ་ནི༔
བརྒྱད་ཚན་གཉིས་ལས་སྐྱོབ་པར་བསམ༔
ཨོཾ་པདྨོ་ཡཱོ་གི་ནི་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་དཱ་ན་ཏྲ་ཡ་སྭཱ་ཧཱཿ

OM PADMO YOGINI TARE TUTTARE TURE DANA TRAYA SVAHA.


ཕྱག་འཚལ་དཀོན་མཆོག་གསུམ་མཚོན་ཕྱག་རྒྱའི།
།སོར་མོས་ཐུགས་ཀར་རྣམ་པར་བརྒྱན་མ།
།མ་ལུས་ཕྱོགས་ཀྱི་འཁོར་ལོས་བརྒྱན་པའི།
།རང་གི་འོད་ཀྱི་ཚོགས་རྣམས་འཁྲུགས་མ།

།བརྗོདཿ ས་མ་ཡཿ
___________________________________

10. Power over the Worlds.

༈ བཅུ་པ་འཇིག་རྟེན་དབང་བྱེད་ན༔

མཁའ་འགྲོའི་ཐུགས་ཀར་པད་ཟླའི་སྟེང་༔
སྒྲོལ་མ་འཇིག་རྟེན་གསུམ་རྒྱལ་དམར༔
ཞབས་གཉིས་རྟ་བབས་སྐྱིལ་མོ་ཀྲུང་༔
ཕྱག་གཡས་མཆོག་སྦྱིན་གཡོན་པ་ནི༔
དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱས༔
ཨུཏྤ་ལར་གནས་རྒྱལ་མཚན་འཛིན༔
འདོད་ལྟ་དབང་བྱེད་འོད་ཟེར་དང་༔
བཞད་པ་བརྒྱད་ལྡན་སྔགས་ཀྱི་སྒྲས༔
གཞན་འཕྲུལ་དབང་བྱེད་སྡེ་དང་བཅས༔
རྨོངས་ཤིང་བདག་གི་དབང་གྱུར་ནས༔
འཇིག་རྟེན་ཀུན་གྱི་ས་འདུད་བར་དམིགས༔
ཨོཾ་པདྨོ་ཡཱོ་གི་ནི་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ལོ་ཀ་པཱ་ཤཾ་ཀུ་རུ་སྭཱ་ཧཱཿ

OM PADMO YOGINI TARE TUTTARE TURE LOKA PASHAM KURU SVAHA.

རྗེ་དཔོན་དབང་གྱུར་གཞན་སྨོས་ཅི༔
རྒྱལ་བློན་རབ་བྱུང་ཁྱིམ་བདག་དང་༔
ཡུལ་གྱི་གཙོ་བོ་རིག་གནས་མཁན༔
དཔལ་ཅན་བུད་མེད་རིགས་བཟང་མོ༔
ལྷ་ཀླུ་གནོད་སྦྱིན་ནོར་གྱི་ལྷ༔
སྐྱེད་མོས་ཚལ་དང་ཡུལ་མཁར་ཞིང་༔
རྐང་པྲན་ནོར་དབྱིགས་ཕྱུགས་ལ་སོགས༔
གང་འདོད་དམིགས་པའི་ལྡེ་ཁ་བསྒྱུར༔

༡༠
ཕྱག་འཚལ་རབ་ཏུ་དགའ་བ་བགྱིད་པའི།
།དབུ་རྒྱན་འོད་ཀྱི་ཕྲེང་བ་སྤེལ་མ།
།བཞད་པ་རབ་བཞད་ཏུཏྟཱ་ར་ཡིས།
།བདུད་དང་འཇིག་རྟེན་དབང་དུ་མཛད་མ།

།བརྗོདཿ ས་མ་ཡཿ
___________________________________

11. To Dispel Poverty.

༈ བཅུ་གཅིག་དབུལ་བ་སེལ་འདོད་ནཿ

མཁའ་འགྲོའི་ཐུགས་ཀར་པད་ཟླའི་སྟེང་༔
ནོར་སྟེར་དམར་སེར་ཁྲོ་གཉེར་ཅན༔
ཞབས་གཉིས་རྟ་བབས་སྐྱིལ་མོ་ཀྲུང་༔
ཕྱག་གཡས་མཆོག་སྦྱིན་གཡོན་པ་ནི༔
དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱས༔
ཨུཏྤ་ལར་གནས་གཏེར་བུམ་འཛིན༔
འོད་ཟེར་འཕྲོས་པས་ཕྱོགས་སྐྱོང་སོགས༔
ས་གཞི་སྐྱོང་བའི་ཕོ་ཉ་བསྐུལ༔
ལྷ་ཀླུ་མི་ཡི་དཔལ་འབྱོར་དང་༔
ལོངས་རྐོད་ཆར་དུ་ཕབས་པ་ཡིས༔
ཡུལ་ལྗོངས་དང་ནི་ཁྱིམ་གང་བསམ༔
ཨོཾ་པདྨོ་ཡཱོ་གི་ནི་ཏཱ་རེ་ཏུ་ཏྟཱ་རེ་ཏུ་རེ་མཱ་མ་བཱ་སུ་པུཥྚིཾ་ཀུ་རུ་སྭཱ་ཧཱཿ

༡༡
ཕྱག་འཚལ་ས་གཞི་སྐྱོང་བའི་ཚོགས་རྣམས།
།ཐམས་ཅད་འགུགས་པར་ནུས་པ་ཉིད་མ།
།ཁྲོ་གཉེར་གཡོ་བའི་ཡི་གེ་ཏཱུཾ་གིས།
།ཕོངས་པ་ཐམས་ཅད་རྣམ་པར་སྒྲོལ་མ།

།བརྗོད༔ གཏེར་བུམ་སྒྲུབ་དང་གཡང་འགུགས་སོགས༔
ཕྲིན་ལས་ཁ་ཚར་གདགས་སུ་རུང་༔ ས་མ་ཡ༔
___________________________________

12. To Bring Timely Seasons to the Land.

༈ བཅུ་གཉིས་ཆར་ཆུ་བུ་དཔལ་སྤེལ༔ ཡུལ་གྲུབ་བཀྲ་ཤིས་བྱེད་འདོད་ན༔

མཁའ་འགྲོའི་ཐུགས་ཀར་པད་ཟླའི་སྟེང་༔
བཀྲ་ཤིས་དོན་བྱེད་སྒྲོལ་མ་སེར༔
ཞབས་གཉིས་རྟ་བབས་སྐྱིལ་མོ་ཀྲུང་༔
ཕྱག་གཡས་མཆོག་སྦྱིན་གཡོན་པ་ནི༔
དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱས༔
ཨུཏྤ་ལར་གནས་དཔལ་བེའུ་འཛིན༔
ཟླ་བའི་ལྷ་མོའི་དཔྲལ་བའི་ཟེར་ལས་བདུད་རྩིའི་ཆར༔
བབས་པས་རྩི་སྨན་ལོ་ཏོག་རྒྱས༔
རིགས་བདག་ཉིད་ལས་འོད་འཕྲོས་པས༔
བཀྲ་ཤིས་རྫས་རྟགས་ཆར་དུ་བབ༔
བརྟེན་གཡོའི་རྟེན་འབྲེལ་ལོག་པའི་དུག༔
གཞི་ལ་ཏེ་ཕུན་སུམ་ཚོགས་པར་བསམ༔
ཨོཾ་པདྨོ་ཡཱོ་གི་ནི་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མངྒ་ལཾ་ཤྲཱི་མ་ཧཱ་པཱཎི་སྭཱ་ཧཱཿ

ཕྱག་འཚལ་ཟླ་བའི་དུམ་བུས་དབུ་བརྒྱན།
།བརྒྱན་པ་ཐམས་ཅད་ཤིན་ཏུ་འབར་མ།
།རལ་པའི་ཁྲོད་གནས་འོད་དཔག་མེད་ལས།
།རྟག་པར་ཤིན་ཏུ་འོད་རབ་མཛད་མ།

།བརྗོདཿ ས་མ་ཡཿ
________________________________________

13. To be Victorious in Battle.

༈ བཅུ་གསུམ་གཡུལ་ལས་རྒྱལ་བྱེད་ནཿ

མཁའ་འགྲོའི་ཐུགས་ཀར་པད་ཟླའི་སྟེང་༔
མེ་འབར་དབུས་གནས་རྗེ་བཙུན་མ༔
དམར་མོ་རྐན་གསུམ་ཁྲོས་པའི་གདོང་༔
ཞབས་གཉིས་རྟ་བབས་སྐྱིལ་མོ་ཀྲུང་༔
ཕྱག་གཡས་མཆོག་སྦྱིན་གཡོན་པ་ནི༔
དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱས༔
ཨུཏྤ་ལར་གནས་རྡོ་རྗེ་གདེངས༔
འོད་ཟེར་རྡོ་རྗེའི་ཚྭ་ཚྭ་ཡིས༔
གཞན་སྡེ་བཅོམ་ནས་ཚུར་འདུས་པས༔
རྡོ་རྗེའི་ར་བའི་གུར་གྱུར་པའི༔
ནང་དུ་རང་སྲིད་བསྲུང་བར་བསམ༔
ཨོཾ་པདྨོ་ཡཱོ་གི་ནི་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་བཛྲ་ཛྭ་ལ་ཕཊ྄་ཕཊ྄ཿརཀྵ་སྭཱ་ཧཱཿ

ཕྱག་འཚལ་བསྐལ་པ་ཐ་མའི་མེ་ལྟར།
།འབར་བའི་ཕྲེང་བའི་དབུས་ན་གནས་མ།
།གཡས་བརྐྱང་གཡོན་བསྐུམ་ཀུན་ནས་བསྐོར་དགའི།
།དགྲ་ཡི་དཔུང་ནི་རྣམ་པར་འཇོམས་མ།

།བརྗོདཿ ས་མ་ཡཿ
___________________________________

14. To Overcome Evil.

༈ བཅུ་བཞི་འགོང་པོ་སྦུན་དགུ་དང་༔ སྡེ་བརྒྱད་གནོད་བྱེད་ཚོགས་གཞོམས་ནཿ

མཁའ་འགྲོའི་ཐུགས་ཀར་པད་ཟླའི་སྟེང་༔
ཁྲོ་གཉེར་ཅན་མཛད་སྐུ་མདོག་ནགཿ
ཞབས་གཉིས་རྟ་བབས་སྐྱིལ་མོ་ཀྲུང་༔
ཕྱག་གཡས་མཆོག་སྦྱིན་གཡོན་པ་ནིཿ
དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱས༔
ཨུཏྤ་ལར་གནས་གཏུན་ཤིང་འཛིན༔
ཧཱུྃ་སྒྲ་སྒྲོགས་པའི་འོད་ཟེར་དང་༔
ཕྱག་ཞབས་ས་ལ་བསྣུན་པ་ཡིས༔
དམ་འགོད་རྒྱ་འདྲེའི་མགོ་བོ་བཀས༔
ཆོས་ཉིད་ངང་དུ་བརྒྱལ་བར་བསམ༔
ཨོཾ་པདྨོ་ཡཱོ་གི་ནི་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཧཱུྃ་ཧཱུྃ་ཧཾ་ཤཾ་ཏྲི་ག་ནན་ཕཊ྄ཿསྭཱ་ཧཱཿ

ཕྱག་འཚལ་ས་གཞིའི་ངོས་ལ་ཕྱག་གི།
།མཐིལ་གྱིས་བསྣུན་ཅིང་ཞབས་ཀྱིས་བརྡུང་མ།
།ཁྲོ་གཉེར་ཅན་མཛད་ཡི་གེ་ཧཱུྃ་གིས།
།རིམ་པ་བདུན་པོ་རྣམས་ནི་འགེམས་མ།

།བརྗོདཿ ས་མ་ཡཿ
___________________________________

15. To Pacify Obscurations.

བཅོ་ལྔ་སྡིག་པ་ཞི་འདོད་ནཿ

མཁའ་འགྲོའི་ཐུགས་ཀར་པད་ཟླའི་སྟེང་༔ རབ་ཏུ་ཞི་མ་སྐུ་མདོག་དཀརཿ ཞབས་གཉིས་རྟ་བབས་སྐྱིལ་མོ་ཀྲུང་༔ ཕྱག་གཡས་མཆོག་སྦྱིན་གཡོན་པ་ནི༔ དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱས༔ ཨུཏྤ་ལར་གནས་རྐི་བླུགས་འཛིན༔ ཐུགས་ལས་དག་བྱེད་ལྷ་མོ་ནི༔ བུམ་པ་ཐོགས་པ་དཔག་མེད་སྤྲོས༔ ཟླ་གདན་ལ་གནས་དམིགས་བྱ་ཡི༔ ངན་སོང་སྡིག་སྒྲིབ་བཀྲུས་པར་བསམ༔ ཨོཾ་པདྨོ་ཡཱོ་གི་ནི་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཏུ་ར་སརྦ་པཱ་པཾ་ག་ཏེ་ག་ཏེ་སྭཱ་ཧཱཿ

ཕྱག་འཚལ་བདེ་མ་དགེ་མ་ཞི་མ། །མྱ་ངན་འདས་ཞི་རྐོད་ཡུལ་ཉིད་མ། །སྭཱ་ཧཱ་ཨོཾ་དང་ཡང་དག་ལྡན་མས། །སྡིག་པ་ཆེན་པོ་འཇོམས་པ་ཉིད་མ།

།བརྗོདཿ གནས་ལུང་དག་ཀྱང་སྦྱར་དུ་རུང་༔ ས་མ་ཡཿ ___________________________________

16. To Destroy One’s Enemy’s Spells.

༈ བཅུ་དྲུག་དགྲ་ཡི་མཐུ་སད་ཅིང་༔ བྱད་མའི་རིགས་སྔགས་སྟོབས་གཞོམས་ནཿ

མཁའ་འགྲོའི་ཐུགས་ཀར་པད་ཟླའི་སྟེང་༔ འབར་བའི་འོད་ཅན་སྐུ་མདོག་དམརཿ ཞབས་གཉིས་རྟ་བབས་སྐྱིལ་མོ་ཀྲུང་༔ ཕྱག་གཡས་མཆོག་སྦྱིན་གཡོན་པ་ནིཿ དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱས༔ ཨུཏྤ་ལར་གནས་རྒྱ་གྲམ་འཛིནཿ འོད་ཟེར་འཕྲོས་པས་དགྲ་བོ་དང་༔ བྱད་མའི་མཐུ་སྟོབས་ངག་ནུས་བཤིགཿ དྲང་སྲོང་ངག་ལ་དབང་ཐོབ་དམིགསཿ ཨོཾ་པདྨོ་ཡཱོ་གི་ནི་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཏྲཾ་དུ་ཏྲི་ན་ཏྲཾ་དུ་ཕཊ྄ཿསྭཱ་ཧཱཿ

ཕྱག་འཚལ་ཀུན་ནས་བསྐོར་རབ་དགའ་བའི། །དགྲ་ཡི་ལུས་ནི་རབ་ཏུ་འགེམས་མ། །ཡི་གེ་བཅུ་པའི་ངག་ནི་བཀོད་པའི། །རིག་པ་ཧཱུྃ་ལས་སྒྲོལ་མ་ཉིད་མ།

།བརྗོདཿ ས་མ་ཡཿ ___________________________________

17. To Bind Enemies, Robbers, Thieves and Hunters.

༈ བཅུ་བདུན་དགྲ་ཇག་ཆོམ་རྐུན་དང་༔ རྔོན་པ་ཅན་གྱི་ཁ་ཆིངས་ན༔

མཁའ་འགྲོའི་ཐུགས་ཀར་པད་ཟླའི་སྟེང་༔ དཔག་མེད་གནོན་མ་གུར་གུམ་མདོག༔ ཞབས་གཉིས་རྟ་བབས་སྐྱིལ་མོ་ཀྲུང་༔ ཕྱག་གཡས་མཆོག་སྦྱིན་གཡོན་པ་ནི༔ དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱས༔ ཨུཏྤ་ལར་གནས་མཆོད་རྟེན་འཛིན༔ ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་ཧཱུྃ༔ ཞབས་མཐིལ་ས་ལ་བརྡབས་པ་ཡིས༔ སྟོང་གསུམ་ཕ་རོལ་གནོན་པའི་རི༔ མནྟ་ར་དང་འབིགས་བྱེད་དང་༔ འདོད་དང་གཟུགས་ཁམས་གཟུགས་མེད་ལྡེག༔ དྲག་ཤུལ་སྟོབས་ཀྱིས་དམིགས་བྱའི་གཟུགས༔ ཞབས་ཀྱི་འོག་ཏུ་མནན་བར་བསམ༔ ཨོཾ་པདྨོ་ཡཱོ་གི་ནི་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཧཱུྃ་བཾ་ཧོཿསྭཱ་ཧཱཿ

ཕྱག་འཚལ་ཏུ་རེའི་ཞབས་ནི་བརྡབས་པས། །ཧཱུྃ་གི་རྣམ་པའི་ས་བོན་ཉིད་མ། །རི་རབ་མནྡཱ་ར་དང་འབིགས་བྱེད། །འཇིག་རྟེན་གསུམ་རྣམས་གཡོ་བ་ཉིད་མ།

།བརྗོདཿ ས་མ་ཡཿ ___________________________________

18. Protecting and Pacifying Poisons.

༈ བཅོ་བརྒྱད་སྦྱར་དང་དབྱིག་གི་དུགཿ གཟའ་ཀླུ་གནོད་སྦྱིན་སྡེ་ཚོགས་ཀྱིསཿ མཐོང་རེག་ཁ་རླངས་དུག་བ་སྤུང་ནཿ

མཁའ་འགྲོའི་ཐུགས་ཀར་པད་ཟླའི་སྟེང་༔ སྒྲོལ་མ་རྨ་བྱ་ཆེན་མོ་དཀརཿ ཞབས་གཉིས་རྟ་བབས་སྐྱིལ་མོ་ཀྲུང་༔ ཕྱག་གཡས་མཆོག་སྦྱིན་གཡོན་པ་ནིཿ དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱས༔ རི་དྭགས་རྟགས་ཅན་ཨུཏྤལ་འཛིན༔ འོད་ཟེར་འཕྲོས་པས་བརྟེན་གཡོའི་དུགཿ ལྷག་མ་མེད་པར་གཞིལ་པར་བསམཿ ཨོཾ་པདྨོ་ཡཱོ་གི་ནི་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་བི་ཥ་ཏཱ་ར་ཕཊ྄ཿསྭཱ་ཧཱཿ

ཕྱག་འཚལ་ལྷ་ཡི་མཚོ་ཡི་རྣམ་པའི། །རིདྭགས་རྟགས་ཅན་ཕྱག་ན་བསྣམས་མ། །ཏཱ་ར་གཉིས་བརྗོད་ཕཊ྄ཿཀྱི་ཡི་གེས། །དུག་རྣམས་མ་ལུས་པར་ནི་སེལ་མ།

།བརྗོདཿ དུག་དབྱུང་བྱེད་ན་བུམ་སྒྲུབ་དང་༔ འབྲེལ་བར་ཆུས་བཀྲུ་རྨ་བྱས་བྱ་བཿ ཧོཿ འགལ་རྐྱེན་ཐམས་ཅད་དུག་ལ་བརྟེནཿ དུག་གི་རྒྱུ་ནི་ཉོན་མོངས་པཿ རིག་པ་མཆོག་གི་སྨན་ཆེན་འདིསཿ སེམས་ཅན་ཁམས་ནི་དུག་མེད་ཤོགཿ ཕྱག་འཚལ་སྔགས་སྤྲེལ་བརྒྱ་ཚར་བརྗོདཿ ས་མ་ཡཿ ___________________________________

19. White Umbrella. To Pacify Conflicts and Bad Dreams.

༈ བཅུ་དགུ་པས་ནི་རྩོད་བ་དང་༔ རྨི་ལམ་ངན་པ་ཐམས་ཅད་སེལཿ

མཁའ་འགྲོའི་ཐུགས་ཀར་པད་ཟླའི་སྟེང་༔ རྗེ་བཙུན་མི་ཕམ་རྒྱལ་མོ་དཀརཿ ཞབས་གཉིས་རྟ་བབས་སྐྱིལ་མོ་ཀྲུང་༔ ཕྱག་གཡས་མཆོག་སྦྱིན་གཡོན་པ་ནིཿ དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱསཿ ཨུཏྤ་ལར་གནས་གདུགས་དཀར་འཛིནཿ སྣ་ཚོགས་རྡོ་རྗེའི་ཚྭ་ཚྭ་ཡིསཿ ཕ་རོལ་ངག་གི་ནུས་པ་བཅོམཿ དབུ་རྒྱན་སྙན་ཆ དཔུང་རྒྱན་ཕྱག་ཞབས་གདུ་བུ་གཉིས་མགུལ་ཆུན་སྐ་རགས་པ་ཏིའི་སྨད་དཀྲིས་རྣམས་སོ། ལ་སོགས་རྒྱན་བརྒྱད་ཀྱིསཿ གོ་ཆ་བརྗིད་པ་ལྟར་བསྲུངས་པསཿ རྩ་རླུང་ཐིག་ལེ་འཁྲུགས་པ་ཡིཿ རྨི་ལམ་ངན་པ་བསལ་བར་བསམཿ ཨོཾ་པདྨོ་ཡཱོ་གི་ནི་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཧཱུྃ་ཧཱུྃ་ཕཊ྄ཿཕཊ྄་རཀྵ་རཀྵ་མཾ་སྭཱ་ཧཱཿ

ཕྱག་འཚལ་ལྷ་ཡི་ཚོགས་རྣམས་རྒྱལ་པོ། །ལྷ་དང་མིའམ་ཅི་ཡིས་བསྟེན་མ། །ཀུན་ནས་གོ་ཆ་དགའ་བའི་བརྗིད་ཀྱིས། །རྩོད་དང་རྨི་ལམ་ངན་པ་སེལ་མ།

།བརྗོདཿ ས་མ་ཡཿ ___________________________________

20. To Remove Contagious Disease.

༈ ཉི་ཤུ་པ་ཡིས་རིམ་ནད་སེལ༔

མཁའ་འགྲོའི་ཐུགས་ཀར་པད་ཟླའི་སྟེང་༔ དམར་སེར་ལྷ་མོ་རི་ཁྲོད་མ༔ ཞབས་གཉིས་རྟ་བབས་སྐྱིལ་མོ་ཀྲུང་༔ ཕྱག་གཡས་མཆོག་སྦྱིན་གཡོན་པ་ནི༔ དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱས༔ ཨུཏྤ་ལར་གནས་ཟ་མ་ཏོག༔ །ཉི་མ་ཟླ་བའི་རྐན་རྒྱས་པསཿ ཉི་མ་ལས་འབར་བའི་འོད་ཀྱིས་ནད་བདག་ཚར་གཅོད་རིམས་ཟླ་བ་ལས་བདུད་རྩིའི་རྒྱུན་བྱུང་བས་གསོས་བསམཿ ཨོཾ་པདྨོ་ཡཱོ་གི་ནི་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ན་མ་ཏཱ་རེ་མ་ནོ་ཧ་ར་ཧཱུྃ་ཧཱ་ར་སྭཱ་ཧཱཿ

OM PADMO YOGINI TARE TUTTARE TURE NAMA TARE MANO HARA HUM HARA SVAHA.

ཕྱག་འཚལ་ཉི་མ་ཟླ་བ་རྒྱས་པའི། །རྐན་གཉིས་པོ་ལས་འོད་རབ་གསལ་མ། །ཧ་ར་གཉིས་བརྗོད་ཏུཏྟཱ་ར་ཡིས། །ཤིན་ཏུ་དྲག་པོའི་རིམས་ནད་སེལ་མ།

།བརྗོདཿ ས་མ་ཡཿ ___________________________________

21. To Ransom the Life Force of the Sick.

༈ཉེར་གཅིག་ནད་པའི་བླ་ཆོ་བསླུ༔

མཁའ་འགྲོའི་ཐུགས་ཀར་པད་ཟླའི་སྟེང་༔ འོད་ཟེར་ཅན་མ་སྐུ་མདོག་དཀར༔ སྐུ་གསུང་ཐུགས་ལས་ཨོཾ་ཨཱཿཧཱུྃ༔ ཞབས་གཉིས་རྟ་བབས་སྐྱིལ་མོ་ཀྲུང་༔ ཕྱག་གཡས་མཆོག་སྦྱིན་གཡོན་པ་ནི༔ དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱས༔ ཨུཏྤ་ལར་གནས་གསེར་ཉ་འཛིན༔ ཡི་གེ་གསུམ་ལས་འོད་འཕྲོས་པས༔ གདོན་དང་རོ་ལངས་གནོད་སྦྱིན་གྱིས༔ ནད་པའི་བླ་དང་ཚེ་བརྐུས་པ༔ སླར་ལ་མནངས་བཞིན་སྤྲད་པར་དམིགས༔ ཨོཾ་པདྨོ་ཡཱོ་གི་ནི་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་རི་ཙྱཻ་ཚེ་བྷྲཱུྃ་ནྲྀ་ཛཿསྭཱ་ཧཱཿ

OM PADMO YOGINI TARE TUTTARE TURE MARITSE YE TSE BHRUM NRI DZA SVAHA.

ཚེ་ལ་མདའ་དང་བླ་ལ་གཡུཿ ཁམས་ཀྱི་རྟེན་དུ་དར་ཚེན་དཔྱངསཿ རྟེན་འབྲེལ་བླ་ལུག་ཉིད་ལ་བརྟགཿ མ་འགྲུབ་བར་དུ་བསྐྱར་ཞིང་འབདཿ ཐུན་མཚམས་བླ་གླུད་བཟང་པོ་ལཿ གླུང་ཕྲན་ཟན་འབྲུལ་ཆང་བུ་བརྒྱཿ འབྲུ་གསུམ་ བྱིན་བརླབ་སམྦྷ་རཿ བརྒྱ་རྩ་བརྒྱད་བསྔོ་ལན་རེ་བཞིནཿ ཧཱུྃཿ ཁྱེར་ཅིག་ཁྱེར་ཅིག་སྟོབས་ལྡན་རྣམས༔ སྲེད་དང་ཆགས་དང་ཞེན་པ་དང་༔ དྲན་དང་བཟུང་དང་བསམ་དང་རེག༔ གློད་དང་ཞི་དང་གྲོལ་བར་མཛོད༔ ཅེས་དང་སྒྲོལ་མ་ཡིད་ལ་བྱས༔

ཕྱག་འཚལ་དེ་ཉིད་གསུམ་རྣམས་བཀོད་པས། །ཞི་བའི་མཐུ་དང་ཡང་དག་ལྡན་མ། །གདོན་དང་རོ་ལངས་གནོད་སྦྱིན་ཚོགས་རྣམས། །འཇོམས་པ་ཏུ་རེ་རབ་མཆོག་ཉིད་མ། །ཐལ་སྦྱར་དེ་ཉིད་གསུམ་བཀོད་མཐརཿ ཐལ་མོ་བརྡེབ་ཅིང་འབབ་ཆུར་དོརཿ སྲོག་བསླུ་བྱ་ཞིང་ཉེའུ་འདོནཿ དུས་མིན་འཆི་བ་ངེས་པར་བཟློགཿ ས་མ་ཡཿ རྒྱ་རྒྱ་རྒྱཿ བཅངས་པས་མི་མཐུན་ཕྱོགས་བསྲུང་ཞིང་༔ མཐོང་བས་སྡིག་པ་ལས་གྲོལ་བའི༔ ཡུལ་འཁོར་དཔལ་གྱི་གདུ་བུ་ལ༔ མཐོང་གྲོལ་ཙཀྲ་ཞེས་སུའང་གྲགས༔ མཁའ་འགྲོ་འདུ་བའི་དུས་གཉན་ལ༔ མུ་ཁྱུད་རིམ་པ་བདུན་གྱི་དབུས༔ པདྨ་འདབ་བཞི་དབུས་དང་ལྔའི༔ ཁོངས་སུ་འོད་ལྔའི་ཐིག་ལེའི་ཀློང་ཿ གཤེགས་མ་ལྔ་ཡི་ས་བོན་ནིཿ ཏཱྃ་ཡིག་དབུས་སུ་གནས་པར་བྲིཿ དེའི་ཕྱི་མུ་ཁྱུད་དང་པོ་ལཿ ཨོཾ་པདྨོ་ཡཱོ་གི་ནི་ཛྙཱ་ན་ཝཱ་ར་ཧི་ཧཱུྃཿ ན་མོ་ཨཪྻཱ་ཏཱ་རེཿ ཨོཾ་ཏཱ་རེ་ཏཱྃ་སྭཱ་ཧཱཿ ན་མོ་རཏྣ་ཏྲ་ཡཱ་ཡཿ ན་མཿཨཱཪྻ་ཨ་ཝཱ་ལོ་ཀི་ཏེ་ཤྭ་རཱ་ཡཿ བོ་དྷི་སརྐཱ་ཡཿ མ་ཧཱ་སརྐཱ་ཡཿ མ་ཧཱ་ཀ་རུ་ནི་ཀཱ་ཡཿ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མཱྃཿ ཀྲྀ་ཏེ་སརྦ་དུ་ཥྚནཾཿ ཛཾ་བྷ་ཡཿ སྟྭཾ་བྷ་ཡཿ མོ་ཧཱ་ཡཿ བྷ་ནྡྷ་ཡཿ ཧཱུྃ་ཧཱུྃ་ཕཊ྄་ཕཊ྄ཿ སརྦ་དུ་ཥྚཾ་སྟྭཾ་བྷ་ནི་ཏཱ་རེ་སྭཱ་ཧཱཿ ཞེས་བྲི་དེའི་ཕྱིར་པད་འདབ་བརྒྱདཿ མདུན་ནས་བརྩམ་པའི་གཡས་བསྐོར་དུཿ དང་པོརཿ ཨོཾ་པདྨོ་ཡཱོ་གི་ནི་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་པྲཛྙཱ་ཧྲིཾ་ཧྲིཾ་སྭཱ་ཧཱཿ གཏི་མུག་གླང་པོའི་འཇིགས་པ་ལས་སྐྱོབས་ཤིག་རཀྵཿ གཉིས་པ་ཐོག་མཐའ་འདྲ་བ་ལསཿ མ་ཧཱ་པུཎྱེ་སྭཱ་ཧཱཿ སེར་སྣ་ལྕགས་སྒྲོག་གི་འཇིགས་པ་ལས་སྐྱོབས་ཤིག་ རཀྵཿ གསུམ་པརཿ ཨཱཿཡུརྡ་དེ་བྷྲཱུྃ་སྭཱ་ཧཱཿ ཐེ་ཚོམ་ཤ་ཟའི༴ བཞི་བརཿ མངྒ་ལ་ཤྲཱི་མ་ཧཱ་པཱ་ཎི་སྭཱ་ཧཱཿ འདོད་པ་ཆུ་བོའི་རྦ་རླབས་ཀྱི༴ ལྔ་པརཿ སརྦ་པཱ་པཾ་ག་ཏེ་ག་ཏེ་སྭཱ་ཧཱཿ ཞེ་སྡང་མེའི༴ དྲུག་པརཿ ཧཱུྃ་ཧཱུྃ་བཾ་ཧོཿསྭཱ་ཧཱཿ ལྟ་ངན་ཚོམ་རྐུན་གྱི༴ བདུན་པརཿ སརྦ་བིཥ་ཏཱ་ར་ཕཊ྄་སྭཱ་ཧཱཿ ཕྲག་དོག་དུག་སྦྲུལ་གྱི༴ བརྒྱད་པརཿ ཧཱུྃ་ཧཱུྃ་ཕཊ྄་ཕཊ྄་རཀྵ་རཀྵ་མཱྃ་སྭཱ་ཧཱཿ ང་རྒྱལ་སེང་གེའི་འཇིགས་པ་ལས་སྐྱོབས་ཤིག་རཀྵཿ བྲིཿ སྤྲོ་ན་བསྒྲུབ་བྱའི་དངོས་གྲུབ་ཀྱིཿ འདོད་གསོལ་རེ་རེ་བཞིན་དུ་སྦྱརཿ དེའི་ཕྱིར་རྩིབས་ནི་བཅུ་གསུམ་ལཿ རྩ་སྔགས་ཐོག་མཐའ་འདྲ་བ་སྟེཿ རྩིབས་དང་པོརཿ ཨོཾ་པདྨོ་ཡཱོ་གི་ནི་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་བྷོ་དྷོ་ཙིཏྟ་སྭཱ་ཧཱཿ ཕ་རོལ་ལྕེ་འབབ་པའི་འཇིགས་པ་ལས་སྲུངས་ཤིགཿ གཉིས་པརཿ མུ་དྲ་ནྲྀ་ཛ་སྭཱ་ཧཱཿ མིང་སྤེལ་དམིགས་གསལ་འཇུགཿ ས་གཡོ་བའི་ འཇིགས་པ༴ གསུམ་པརཿསརྦ་བིགྣཱ་ན་བཾ་ཧཱུྃ་ཕཊ྄ཿསྭཱ་ཧཱཿ སྨྱོ་རྗེད་ཀྱི་གདོན་ལས༴ བཞི་པརཿ བཛྲ་ཏ་ཀ་ཧ་ན་ལིཅ་ཕཊ྄ཿསྭཱ་ཧཱཿ གནམ་ལྕགས་དང་འཁྲུལ་འཁོར་གྱི༴ ལྔ་པརཿ ད་ཧ་པཙ་ཧཱུྃ་ཕཊ྄ཿསྭཱ་ཧཱཿ རྒྱལ་པོའི་ཆད་པའི༴ དྲུག་པརཿ དཱ་ན་ཏྲ་ཡ་སྭཱ་ཧཱཿ དུས་མ་ཡིན་པར་འཆི་བའི༴ བདུན་པརཿ ལོཀ་པཱ་ཤཾ་ཀུ་རུ་སྭཱ་ཧཱཿ མཛའ་བཤེས་དང་བྲལ་བའི༴ བརྒྱད་པརཿ མཱ་མ་བཱ་སུ་པུཥྚིཾ་ཀུ་རུ་སྭཱ་ཧཱཿ མུ་གེ་དང་ཕོངས་པའི༴ དགུ་པརཿ བཛྲ་ཛྭ་ལ་ཕཊ྄་ཕཊ྄་རཀྵ་སྭཱ་ཧཱཿ ཕ་རོལ་གྱི་དམག་ཚོགས་ཀྱི༴ བཅུ་པརཿ ཧཱུྃ་ཧཱུྃ་སྭཱ་ཧཱཿ མཛེ་ནད་དང་ཁྱབ་འཇུག་གི༴ བཅུ་གཅིག་པརཿ ཏྲཾ་དུ་ཏྲི་ན་ཏྲཾ་དུ་ཕཊ྄ཿསྭཱ་ཧཱཿ བྱང་ཕུར་དང་རིགས་སྔགས་ཀྱི༴ བཅུ་གཉིས་པརཿ མ་ནོ་ཧ་རཧཱུྃ་ཧ་ར་སྭཱ་ཧཱཿ གྲིབ་དང་རིམས་ནད་ཀྱི༴ བཅུ་གསུམ་པརཿ མ་རི་ཙྱཻ་ཚེ་བྷྲཱུྃ་ནྲྀ་ཛ་སྭཱ་ཧཱཿ རོ་ལངས་དང་གནོད་སྦྱིན་གྱི་འཇིགས་པ་ལས་སྲུངས་ཤིགཿ བརྩིབས་མཆན་བཅུ་གསུམ་དག་ལ་ནིཿ ཨོཾ་ཨ་ན་ལེ་ཨཱ་ན་ལེཾཿ ཁ་ས་མེ་ཁ་ས་མེཿ བི་རེ་བཻ་རེཿ སཽ་མེ་སཽ་མེཿ ཤནྟཱེ་ཤནྟཱེཿ དཱནྟེ་དཱནྟེཿ པི་ཥ་དེ་པི་ཥ་དེཿ བཱི་རེ་བཱི་རེཿ དེ་བཱི་བཛྲ་དྷཱ་རིཿ བནྡྷ་བནྡྷ་ནིཿ བཛྲ་པ་ཎི་ཕཊ྄ཿ ཨོཾ་ཧཱུྃ་ཧཱུྃ་དྲཱཾ་ཧྲཱིཥྚཾ་ཕཊ྄ཿསྭཱ་ཧཱཿ ཧཱུྃ་དྲུཾ་བྷནྡྷ་ཕཊ྄ཿ དེའི་ཕྱིར་མུ་ཁྱུད་བཞི་པ་ལཿ མཐོང་གྲོལ་ཡབ་ཀྱི་དགོངས་པ་བྲིཿ ལྔ་པར་རེག་གྲོལ་ཡུམ་སྙིང་པོཿ དྲུག་པར་ཐིག་ལེ་ཉེར་ལྔའི་དབུསཿ ཡེ་ཤེས་ཆེན་པོའི་སྙིང་པོ་ནིཿ སྡེ་ཚན་ཉི་ཤུ་རྩ་ལྔ་དང་ཿ བར་མཚམས་ཀློང་གྲོལ་ཡིག་དྲུག་བཀོདཿ བདུན་པར་ཕྱག་འཚལ་ཉེར་གཅིག་དང་ཿ བརྒྱད་པར་དབྱངས་གསལ་རྟེན་སྙིང་བྲིཿ དགུ་པར་རྡོ་རྗེའི་ཕྲེང་བ་དང་ཿ བཅུ་པ་ཉིད་ནི་པ་ཏྲའོཿ བསྲུང་བ་རྐྱང་བར་ལྟོ་བ་དང་ཿ བཏགས་གྲོལ་མུ་ཁྱུད་གསུམ་དོར་རོཿ ཀུན་ཀྱང་ཚེན་ གྱིས་རྣམ་པར་དབྱེཿ ཨ་མྲྀ་ཏ་དང་དྲི་བཟང་བྱུགཿ མགུལ་དུ་བཏགས་ན་རང་རྒྱུད་ལཿ གནས་པའི་ཉོན་མོངས་དུག་རྣམས་སྦྱོང་ཿ ཕྱི་ལ་གཡེངས་ན་རྫི་ཕྱོགས་ཀྱིསཿ ཕོག་པའི་སེམས་ཅན་དོན་བྱེད་འགྱུརཿ གྲོང་ཁྱེར་དག་དང་ཕྱུགས་ཀྱི་སླསཿ གཡུལ་གྱི་ཕྲུ་མ་ལ་བཙུགས་ནཿ འཇིགས་པ་མེད་པའི་གནས་ཐོབ་འགྱུརཿ རིགས་སྔགས་དང་ནི་མཁྱུད་དཔྱད་ཀྱིཿ རྟེན་འབྲེལ་བདེན་པ་བསམ་མི་ཁྱབཿ རྒྱལ་བའི་ཕྲིན་ལས་ཚད་མེད་ཕྱིརཿ དོན་འབྲས་འགྲུབ་ལ་བསླུ་བ་མེདཿ སྒྲིབ་པའི་ནང་ན་ཐེ་ཚོམ་ཆེཿ དངོས་གྲུབ་དད་པ་ཅན་ལ་འབྱུང་ཿ ཤིན་ཏུ་ཟབ་པའི་སྔགས་རྒྱུད་འདིའིཿ བརྡ་རིས་མཚོ་རྒྱལ་བླ་མཚོར་རྒྱཿ བརྡ་གྲོལ་སེང་གེ་རོང་དུ་འབྱུང་ཿ གྲུ་གཟིངས་ཆུ་བོའི་གཞུང་ལ་འབེབསཿ རྟེན་འབྲེལ་སྣ་ཁ་མ་ལོག་ནཿ འགྲོ་དོན་ཉི་འོག་ཉིད་ལ་རྐོདཿ སྙིང་གི་བུ་དང་འཕྲད་ནས་ཀྱང་ཿ འགྲོ་དོན་ནམ་མཁའི་མཐར་ཐུག་ཤོགཿ ས་མ་ཡཿ རྒྱ་རྒྱ་རྒྱཿ གཏེར་རྒྱཿ དགོངས་རྒྱཿ བརྡ་རྒྱཿ ལས་ཚོགས་འདི་གཞན་བསྐུལ་ཡང་ཡང་བྱུང་ཡང་རིང་ཞིག་གཏེར་རྒྱ་མ་ཁྲོལཿ དེ་རྗེས་ནོར་སྐྱོང་གི་ལོར་སྒྲོལ་མ་འབུམ་ཐེར་བསགས་པའི་རྐྱེན་གྱི་རྗེ་བཙུན་མའི་བྱིན་རླབས་ཁོ་ནས་ཀློང་གི་བརྡ་རིས་གྲོལཿ དེ་ལོ་ཆར་ཞོད་ཤིན་ཏུ་དཀོན་པ་ལ་བཀྲ་ཤིས་སྲོང་བཙན་བང་སོར་ཡུམ་ཀའི་ཚོགས་སྐོང་དང་བཅས་འདུན་པ་བསྒྱུར་བས་རིགས་བདག་གི་ལས་ཚོགས་བཅུ་གཉིས་པ་ལ་ངེས་པ་རྙེད་པའོཿ དགེའོཿ ༈ ལས་ཚོགས་འདི་རིགས་སོ་སོའི་བསྙེན་མཚམས་སུ་གཞུང་ནསཿ ཐུན་མཚམས་མཆོད་ཅིང་ཡིག་བརྒྱས་བཤགསཿ ཅེས་བྱུང་བས་མཆོད་པ་ནིཿ མེ་ཏོག་བདུག་སྤོས་མར་མེ་དྲི། །ཞལ་ཟས་རོལ་མོ་ལ་སོགས་པ། །དངོས་འབྱོར་ཡིད་ཀྱིས་སྤྲུལ་ནས་འབུལ། །འཕགས་མའི་ཚོགས་ཀྱིས་བཞེས་སུ་གསོལ། །ཞིང་ཁམས་རྡོ་རྗེའི་ས་གཞི་ལ། །གླིང་བཞི་རི་རབ་མཆོད་པའི་སྤྲིན། །རབ་འབྱམས་བསམ་ཡས་རྒྱན་ཕྲེང་འབར། །སྒྲོལ་མ་རྒྱལ་བ་ཀུན་ཡུམ་མར། །མཆོག་ཏུ་དད་པས་བདག་གིས་འབུལ། །སྔགས་མཐར་ཨརྒྷཾ་སོགས་ཀྱིས་མཆོད་ལ། སོ་སོའི་སྐབས་བབ་ཀྱི་ཕྱག་འཚལ་ཚིག་བཞི་བརྒྱ་ཚར་རེ་བརྗོད་རྗེས་ཡིག་བརྒྱ་བཟླ་བར་བྱའོ། །མངྒ་ལཾ།། །།༈ མཁའ་འགྲོའི་ནང་སྒྲུབ་ཕུལ་བྱུང་པར། །བླ་མའི་ཞབས་པད་ཡུན་བརྟན་ཅིང་། །ཆོས་སྦྱིན་ཕྲིན་ལས་འཛད་མེད་ཕྱིར། །དད་ལྡན་ཚུལ་ཁྲིམས་སྒྲོན་མ་ཡི། །ལྷག་བསམ་དག་པས་བསྒྲུབས་པའི་དགེས། །འགྲོ་ཀུན་དོན་གཉིས་མཐར་ཕྱིན་ཤོག །ཅེས་ཙནྡྲའི་མིང་དེས་གུས་པས་བྲིས་སོ།། །དགེའོ། དགེའོ། དགེའོ།། །།